ངོ་འཕྲད་བདེ་བའི་དྲ་འབྲེལ།

རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་འཛིན་བཟུང་བྱས་འདུག


རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ།

བོད་དུ་མིང་གྲགས་ཆེ་བའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོའམ་ཡོངས་གྲགས་སུ་སྒོ་ཤེར་དུ་འབོད་པ་ཁོང་ཉེ་ཆར་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས་པའི་རྗེས་ལ་ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་སོང་། མི་སྣ་ཁོང་གིས་བཤད་པ་ལྟར་ན་རྩོམ་པ་པོ་སྒོ་ཤེར་ལགས་ད་ལོའི་སྤྱི་ཟླ་དང་པོའི་ནང་རྒྱ་ནག་གི་གྲོང་ཁྱེར་ཁྲི་འདུ་ནས་འཛིན་བཟུང་བྱས་ཤིང་། ཁོ་འཛིན་བཟུང་བྱེད་མཁན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་རེད་ཟེར། སྒོ་ཤེར་ལགས་འཛིན་བཟུང་བྱས་བ་ནས་ད་ལྟའི་བར་དུ་གྲག་འགུལ་ཅི་ཡང་མེད་པར་གར་སོང་ཆ་མེད་དུ་གྱུར་ཅིང་། ད་སྔ་ཁོ་རང་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་འཛིན་བཟུང་བྱས་པ་སོགས་ཀྱང་ཤེས་ཐུབ་ཀྱི་མེད་པ་དང་། ཁོ་རང་འཛིན་བཟུང་བྱས་པའི་གནས་ཚུལ་གསང་རྒྱ་བྱེད་དགོས་ཅེས་ཁོའི་ཁྱིམ་མི་ཉེ་འབྲེལ་ཚོར་གཞུང་གིས་བཙན་བཀའ་བཏང་ཞིང་། དེ་ལྟར་མ་བྱས་ན་ཁྲིམས་འགལ་ཡིན་ཅེས་འཇིགས་སྐུལ་བྱས་ཡོད་པའི་སྐོར་ཀྱང་གོང་གི་མི་སྣ་དེ་ཡིས་འགྲེལ་བཤད་བྱས་སོང་།

སྒོ་ཤེས་རབ་རྒྱ་མཚོའི་བརྩམས་ཆོས།
སྒོ་ཤེས་རབ་རྒྱ་མཚོའི་བརྩམས་ཆོས།

སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ད་ལྟའི་བར་ང་ཚོ་སད་རན་དང་། རྒྱུན་ཤེས་དང་ལམ། དཔྱད་འཚོལ་དང་ལྟ་ཚུལ། རང་ལམ་རང་འཚོལ། བླང་དོར་ལྟ་ཚུལ། སྐྱེས་ཆེན་གྱི་བཞུད་ལམ་སོགས་ཁོང་གིས་བརྩམས་པའམ་གསུང་བཤད་ཡིག་ཐོག་ཏུ་ཕབ་པ་བཅས་དེབ་གྲངས་བརྒྱད་ལྷག་པར་སྐྲུན་འགྲེམས་སྤེལ་བྱས་འདུག ཁོང་གི་བརྩམས་ཆོས་དག་ལ་ཀློག་པ་པོ་དག་གིས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད་པ་མ་ཟད། ཁོང་གིས་དཔེ་ཁྲིད་གནང་བའི་དབུ་མ་འཇུག་པ་དང་། གཏམ་རྒྱུད་གསེར་ཐང་། ས་སྐྱ་ལེགས་བཤད་སོགས་ལ་ཡང་ཉན་མཁན་ཁྲི་སྟོང་མང་པོ་བྱུང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འབྲེལ་ཡོད།

XS
SM
MD
LG