ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྔ་བའི་དགེ་འདུན་པ་ཞིག་གི་ཞི་རྒོལ་དང་ཁྲོམ་སྐོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༥་ཚེས་༢་ཉིན་བོད་མདོ་སྨད་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་ཐུབ་བསྟན་ཞེས་པ་ཞིག་གིས་༧གོང་ས་མཆོག་གི་སྐུ་པར་འཕྱར་བཞིན་ཞི་བའི་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་ཏེ། ཁོང་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་འདུག་ཅིང་། ཞི་རྒོལ་བ་བློ་བཟང་ཐུབ་བསྟན་ནི་རྔ་བ་རྫོང་རྨེའུ་མ་རུ་ཆེན་དང་པོ་ནས་ཡིན་པ་དང་། ཁོང་འཛིན་བཟུང་བཙན་ཁྲིད་བྱས་པའི་རྗེས་སུ་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། འདི་ནི་ཨ་མདོ་རྔ་པར་མི་སྒེར་པ་ཞིག་གིས་སྲང་ལམ་དང་ཁྲོམ་གཞུང་དུ་༧གོང་ས་མཆོག་གི་སྐུ་པར་འཁྱེར་བཞིན་ཞི་བའི་ངོ་རྒོལ་འོག་འཛིན་བཟུང་ཐེབས་པ་ཐེངས་དང་པོ་མིན་པ་དང་། སྔ་ལོ་ནས་རྔ་པའི་མི་མང་སྒེར་པ་ཚོས་ཞི་རྒོལ་ཐེངས་མང་པོ་བྱས་ཡོད་པ་རེད།།

XS
SM
MD
LG