ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ནང་གི་ཚོང་པ་གྲགས་ཅན་ཞིག་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་ཚེ་གང་བཙོན་འཇུག་གི་ཐག་བཅད་ཡོད་པ།


བོད་ནང་གི་ཚོང་པ་གྲགས་ཅན་ཞིག་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་ཚེ་གང་བཙོན་འཇུག་གི་ཐག་བཅད་ཡོད་པ།
བོད་ནང་གི་ཚོང་པ་གྲགས་ཅན་ཞིག་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་ཚེ་གང་བཙོན་འཇུག་གི་ཐག་བཅད་ཡོད་པ།

བོད་ནང་ཡོད་པའི་ཚོང་པ་སྐད་གྲགས་ཅན་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་དུས་ཚོད་གང་འཚམས་ཤིག་ཕྱིན་པའི་རྗེས་ ཉེ་དུས་ལྷ་སའི་ནང་ཡོད་པའི་རྒྱ་ནག་གཞུང་གི་ཁྲིམས་ཁང་ཞིག་གིས་ཁོང་ཚེ་གང་བཙོན་འཇུག་རྒྱུའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག་ ཁྲིམས་བཤེར་འདི་གསང་བའི་ཐོག་ནས་བྱས་པ་མ་ཟད་ རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ད་དུང་ཚོང་པ་རྡོ་བརྗེ་བཀྲིས་ལགས་ལ་ཉེས་འཛུགས་གང་བྱས་ཡོད་པ་གསལ་བཤད་བྱས་མེད་ནའང་ ཕྱི་རྒྱལ་གྱི་གསར་འགྱུར་རྒྱུད་ལམ་འགའ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལྟ་ཞིབ་བྱེད་མཁན་གྱིས་བཤད་པའི་སྐད་ཆ་ལུངས་དྲངས་ཏེ་ རྒྱ་ནག་གཞུང་གིས་རྡོ་བརྗེ་བཀྲིས་ལགས་འཛིན་བཟུང་བཙོན་འཇུག་བྱས་པའི་རྒྱུ་མཚན་གཅིག་ནི་ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དཔལ་འབྱོར་རོགས་རམ་བྱས་པའི་དོགས་པ་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།

XS
SM
MD
LG