ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁམས་བྲག་མགོའི་དགེ་འདུན་པ་ཞིག་རྒྱ་གཞུང་གི་མནར་གཅོད་འོག་རྐྱེན་འདས་སུ་འགྱུར་བ།


ལོ་འདིའི་འགོ་སྟོད་དུ་བོད་ས་ཁམས་བྲག་མགོའི་ནང་ས་གནས་ཀྱི་བོད་མི་རྣམས་ཀྱིས་རྒྱ་ནག་གི་དབང་བསྒྱུུར་ལ་ཞི་བའི་ངོ་རྒོལ་བྱེད་པའི་སྐབས་ རྒྱ་ནག་གཞུང་གི་ཉེན་རྟོག་པས་ཞི་རྒོལ་བྱེད་མཁན་བོད་མིའི་ཐོག་མེ་མདའ་གང་བྱུང་དུ་བརྒྱབ་སྟེ་ མི་ལ་ཤི་རྨས་ཀྱི་དོན་རྐྱེན་གནས་ཚུལ་ཚབས་ཆེན་པོ་བྱུང་བ་མ་ཟད་ ད་དུང་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་ སྐབས་དེ་དུས་འཛིན་བཟུང་བྱས་པའི་གྲས་བྲག་མགོ་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་མཚན་ལགས་ལ་ རྒྱ་གཞུང་གི་ཉེན་རྟོག་པས་གདུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་ རྗེས་སུ་སྨན་ཁང་དུ་འཁྲིད་ཀྱང་བཅོས་མ་ཐུབ་པར་རྐྱེན་འདས་སུ་གྱུར་ཡོད་པ་ ད་ལྟ་གཞི་ནས་ངེས་གཏན་ཤེས་རྟོགས་བྱུང་ཡོད་པའི་སྐོར་ འདི་ག་བོད་སྐད་སྡེ་མཚན་ལ་འབྲེལ་ཡོད་མི་སྣས་གནས་ཚུལ་ངོ་སྤྲོད་གནང་བ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG