ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས།


རྒྱ་གར་ལྷོ་ཕྱོགས་མོན་གྷོ་མདོ་དགུ་གླིང་གི་གཞིས་གྲོང་བརྒྱད་པའི་མི་༡༣་གྱིས་བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་དང་ཁོང་ཚོའི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་ན་གཞོན་ཚོར་སེམས་ཤུགས་འཕེལ་ཐབས་སུ་མི་དེ་དག་གིས་སྦག་སྦག་བཞོན་ནས་རྒྱ་གར་གྱི་ས་གནས་ཁག་ལ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ཅིང་། ད་ལྟ་སྦག་སྦག་པ་སྐོར་སྐྱོད་པ་རྣམས་ས་གནས་གང་དུ་འབྱོར་ཡོད་མེད་པ་དང་། ཁོང་ཚོའི་དམིགས་ཡུལ་སོགས་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྐོར་སྐྱོད་རུ་ཁག་དེའི་འགོ་ཁྲིད་ལ་ཁ་པར་ཐོག་ཏུ་སྐད་ཆ་དྲིས་པ་ཞིག་གསན་གནང་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG