ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁ་ནི་གྲའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་ཡོད་པ།


ཉེ་དུས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་བོད་མི་ན་གཞོན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་རྗེས་ ཡང་མདོ་སྨད་དུ་ཕྲུག་གུ་གསུམ་ཡོད་པའི་སྐྱེད་མ་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ཆེད་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་ཚུལ་བྱུང་མ་ཐག་ཁ་ནི་གྲའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་peggy nash ཡིས་བོད་མི་ཚོའི་སྲོག་སྲུང་སྐྱོབ་ཀྱི་ཆེད་སྲིད་གཞུང་གི་ངོས་ནས་བྱ་སྤྱོད་ལག་ལེན་བསྟར་དགོས་ཞེས་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ཚོགས་གཙོར་འབོད་བསྐུལ་གནང་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕྱོགས་སྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG