ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱ་དགོས་པའི་ནན་སྐུལ།


༄༅།། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་དང་པོ་འགོ་འཛུགས་བྱེད་སྟངས་ཀྱིས་ཅི་ཞིག་གསལ་སྟོན་བྱུང་བ་རེད་ཅེས་དྲིས་ཚེ། ཚོགས་ཆེན་ཐོག་ཏུ་གཏམ་བཤད་བྱེད་མཁན་ཚང་མས་ཕན་ཚུན་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པའི་འགལ་ཟླ་ཅི་ཞིག་ཡོད་ཀྱང་ཁྱད་པར་མེད། དེ་ནི་སྲིད་འཛིན་ཌོ་ནལ་ཊམ་ཕམ་ཉེས་སུ་གཏོང་རྒྱུ་དེ་ལས་གལ་གནད་ཆེ་བ་ཞིག་ལ་ངོས་འཛིན་བྱ་མི་ཉན། ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དུས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་གྱི་རྒྱབ་ཏུ་ལངས་ཏེ་རྒྱབ་སྐྱོར་བྱ་རྒྱུ་ནི་འཆི་གསོན་ལ་ཐུག་པ་ལྟར་གྱི་གནད་དོན་གལ་ཆེན་ཞིག་ལ་བརྩི་དགོས་ཞེས་གསལ་སྟོན་བྱུང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG