ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༣


ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༣
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གནང་བ་དང་། འཛམ་གླིང་སྤྱི་ཐབ་དང་ཨི་རན་གྱི་དོན་གཅོད་ཁང་ལ་གཏོར་རྒོལ་བཏང་བར་ཨི་སི་རེལ་ལ་ཁ་རྡུང་གཏོང་བཞིན་པ། ཡུག་ཀེ་རེན་ལ་དམག་རོགས་བྱས་པའི་ཁེ་ཕན་ཨ་རིའི་ནང་ཐོན་བཞིན་པ། རྒྱ་དཀར་ནག་གཉིས་ཀྱི་རྩོད་གཞི། ཐེ་ཝན་དུ་ས་ཡོམ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཆེ་བསྟོད་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་ལྷན་དུ། བོད་སོག་འབྲེལ་ལམ་གྱི་ཚོགས་འདུ་ཐེངས་དང་པོའི་གལ་གནད་དང་མ་འོངས་པར་བོད་སོག་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ། དེ་བཞིན་དུ་ཚེ་རིང་དབང་མོ་ལགས་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་འབུམ་རམས་པ་གཉན་ཐར་ལགས་སུ། ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་ལྟེ་བ་བྱས་པའི་བོད་སོག་གཉིས་ཀ་གཅིག་ཕན་གཅིག་གྲོགས་ཡིན་པའི་ཆ་དང་། མ་འོངས་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG