ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུན་གླེང་། བོད་རྒྱལ་ལོ་༢༡༥༡།༡།༢༦


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་གི་རེས་གཟའ་མིག་དམར་ཆེན་མོ་ཞེས་པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་དང་། ༧གོང་ས་མཆོག་གིས་དགེ་བཤེས་མ་རྣམས་ལ་མཇལ་ཁ་སྩལ་བ། རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་། ཁྱིམ་ཚང་སློབ་གསོའི་གླེང་སྟེགས་ལས་གཞི། རྒྱ་ནག་གི་ཚོགས་ཆེན་གཉིས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང་ལྷན་དུ་རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པ་དང་འབྲེལ་ནས་རྒྱ་ནག་གི་དཔལ་འབྱོར་གྱི་དམིགས་ཡུལ་དང་རྒྱལ་སྲུང་སྐོར་གྱི་སྲིད་ཇུས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་དང་། དེ་བཞིན་ཚེ་རིང་དབང་མོ་ལགས་ནས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་དུ་ཨ་རིའི་གཟའ་མིག་དམར་འོས་བསྡུ་ཆེན་མོའི་མཇུག་འབྲས་དང་ཤུགས་རྐྱེན་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG