ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༡ ཚེས་༢༢


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཧ་མ་སི་ཡིས་ཉིན་བཞིར་དམག་མཚམས་འཇོག་རྒྱུའི་མོས་མཐུན་བྱས་པ་དང་། རྒྱལ་སྲུང་དྲུང་ཆེས་ཡུག་ཀེ་རན་ལ་འཚམས་གཟིགས། ༧གོང་ས་མཆོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པར་མཇལ་འཕྲད། ཐེ་ཝན་གྱི་འོས་བསྡུ། ཕོ་བྲང་དཀར་པོས་ཐུགས་རྗེ་ལེགས་གསོལ་བྱ་དེ་ཚེ་ཐར་བཏང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཐེ་ཝན་གནས་བཞུགས་བཀྲ་ཤིས་ཚེ་རིང་ལགས་དང་མཉམ་དུ་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དང་སྲིད་འཛིན་འོས་བསྡུ་དང་བོད་ཀྱི་འབྲེལ་ལམ་བཅས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ལོ་ཙཱ་བ་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་དང་ལྷན་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མི་ཚོས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་དཔེ་དེབ་སྣ་ཚོགས་པ་རྒྱ་ཡིག་ཏུ་དཔར་བསྐྲུན་བྱས་ཡོད་པའི་ནང་དོན་དང་གནད་འགག་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG