ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༡༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་འཚོག་འཆར་ཡོད་པ་དང་། ཨུ་རུ་སུ་དང་བྱང་ཀོ་རི་ཡའི་དམག་དོན་མཉམ་འབྲེལ་ལ་དོ་སྣང་། ཨ་རིའི་གྲོས་ཚོགས་སུ་སྲིད་འཛིན་བྷ་ཌན་ལ་གནས་དབྱུང་ཞིབ་བཤེར་འགོ་ཚུགས་པ། དབྱིན་ཇིའི་ནང་རྒྱ་ནག་ལ་ལྟ་ཚུལ་ཇེ་སྡུག ཨི་ཊ་ལི་རྒྱུད་གཅིག་ལམ་གཅིག་ནས་ཐོན་གྲབས་ཡོད་པ་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཕྱི་ལོ་ ༡༩༨༧ ཟླ་ ༡༠ ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་སེ་ར་དགོན་པའི་དགེ་འདུན་པ་ ༤༤ དང་ལྷན་དུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་ཀྱི་ལས་འགུལ་ནང་ཞུགས་པའི་སེ་ར་དགོན་པའི་གྲྭ་བློ་བཟང་སྦྱིན་པ་ལགས་ངོ་སྤྲོད་བྱས་ཡོད། དེ་བཞིན་དུ་རྒྱ་ནག་གཞུང་གིས་འདྲེ་ལག་རིང་དུ་བསྲིངས་ནས་ཕྱི་རྒྱལ་དུ་ཡོད་པའི་ཡུ་གུར་བ་རྣམས་ལ་དྲག་གནོན་བྱེད་བཞིན་པ་བརྙན་རིས་ཀྱི་ལམ་ནས་འགྲེལ་བཤད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་འབྲི་གུང་༧སྐྱབས་མགོན་མཆོག་གི་མགྲིན་ཚབ་པ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་དང་ལྷན་གནས་ཆེན་མཉན་ཡོད་དུ་དགེ་སློང་མའི་དབྱར་གནས་གནང་གྲུབ་པ་དང་དེའི་གལ་གནད་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ལེ་ཚན།
-
སྤྱི་ཟླ་དགུ་པ། ༢༩།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༢༩
-
སྤྱི་ཟླ་དགུ་པ། ༢༧།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༢༧
-
སྤྱི་ཟླ་དགུ་པ། ༢༢།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༢༢
-
སྤྱི་ཟླ་དགུ་པ། ༢༠།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༢༠
-
སྤྱི་ཟླ་དགུ་པ། ༡༣།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༡༣
-
སྤྱི་ཟླ་དགུ་པ། ༠༨།༢༠༢༣
ཀུན་གླེང་། ༢༠༢༣ ལོའི་ཟླ་༩ ཚེས་༨