ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༣/༡༠/༠༡

ཀུན་གླེང་། ༢༠༢༣ ལོའི་ཟླ་༨ ཚེས་༩


ཀུན་གླེང་། ༢༠༢༣ ལོའི་ཟླ་༨ ཚེས་༩
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་ཟླ་བ་གོ་ལའི་སྟེང་བབས་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ། སྲིད་འཛིན་ཟུར་པ་ཊམ་གྱིས་ཉེས་སྐྱོན་ངོས་ལེན་བྱས་མེད་པ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་རྩོད་བསྡུར། ཨུ་རུ་སུའི་གླས་དམག་གི་འགོ་ཁྲིད་གྲོངས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་མདོ་སྟོད་སྨད་ཀྱི་མི་རྣམས་ལྷ་སར་གནས་མཇལ་བཀག་སྡོམ་དང་། དྲ་ཐོག་གི་ས་ཁྲ་འགྲེམས་སྟོན། སངས་རྒྱས་སྐྱབས་ཀྱི་ཟླ་བཞིའི་ལས་འགུལ་ཟིན་ཐོ། མ་ཡུམ་དྲ་ཚིགས་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མུ་མཐུད་དུ་ཆབ་སྲིད་བཙོན་ཟུར་དམ་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་གདན་འདྲེན་ཞུས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་ཨ་རིའི་ཐོངས་མཆན་བཀག་སྡོམ་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG