ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀུན་གླེང་། ༢༠༢༣ ལོའི་ཟླ་༦ ཚེས་༩


ཀུན་གླེང་། ༢༠༢༣ ལོའི་ཟླ་༦ ཚེས་༩
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་འཚོག་བཞིན་པའི་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་ཚོགས་འདུ་དང་། ཡུག་ཀེ་རན་གྱི་ཆུ་མཛོད་གཏོར་བའི་གནོད་སྐྱོན། ཨ་རི་དང་དབྱིན་ཇིའི་འགོ་ཁྲིད་གཉིས་ཀྱི་མཇལ་འཕྲད། བོད་ཕྲུག་ཁྲི་ལྔ་ལྷག་གིས་བོད་ནང་སློབ་ཆེན་ལ་འཛུལ་རྒྱུའི་ཡིག་རྒྱུགས་སྤྲད་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཚེ་དབང་ནོར་བུ་སྐུ་གྲོངས་པར་ངོས་ལེན་མེད་པ་དང་། བོད་མིང་ཅན་གྱི་དྲ་དམག་གསར་པ། བོད་མི་སྐྱབས་བཅོལ་བ་ཞིག་གིས་སྐྱབས་བཅོལ་བར་རོགས་རམ་བྱེད་བཞིན་པ་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མི་ལོ་༢༥ རིང་སྲི་ཞུ་བསྒྲུབས་ཤིང་ད་ལྟ་དགུང་ལོ་༨༠ ལ་ཕེབས་པའི་བཞུགས་སྒར་དུ་གནས་སྡོད་པ་ཆབ་སྲིད་བཙོན་ཟུར་སྤེལ་གོང་བློ་བཟང་ཡོན་ཏན་ལགས་ངོ་སྤྲོད་ཀྱི་ལེ་ཚན་གཉིས་པ་དེ་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཀོད་སྒྲིག་གནང་བཞིན་པའི་༢༠༢༣ ལོའི་བོད་ཀྱི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་གི་ལས་གཞིའི་ཐད། ལས་གཞི་དེའི་ནང་མཉམ་བཞུགས་གནང་མཁན་བསྟན་འཛིན་ཆོས་བཟང་ལགས་དང་བསྟན་འཛིན་བསམ་གཏན་ལགས་རྣམ་གཉིས་དང་བགྲོ་གླེང་ཞུས་ཡོད།

XS
SM
MD
LG