ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༢༦


ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༢༦
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ནས་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་བ་དང་། ཨ་རིའི་སྲིད་འཛིན་འོས་མི་གསར་པ། ཨུ་ཡུག་དམག་འཁྲུག་གི་གནས་སྟངས། བོད་མི་རྣམས་ལ་རྒྱ་ནག་གི་ཕྱི་སྐྱོད་ཡིག་ཆ་མི་རེག་པའི་དཀའ་ངལ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་ནག་གིས་རྒྱལ་སྤྱིའི་དྲ་མང་གི་བསམ་ཚུལ་ཚོད་འཛིན་གྱི་འཐབ་ཇུས་ཅེས་པའི་སྙན་ཐོ། བོད་སྐད་ཡིག་གི་རིན་ཐང་དང་བཀོལ་སྤྱོད་ཐ་དད་པའི་བགྲོ་གླེང་། ལྟད་མོ་བ་ས་ཡ་མང་པོའི་མདུན་དུ་བོད་ཀྱི་རྒྱལ་དར་འཕྱར་མཁན་ལ་བཅར་འདྲི་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༢༠༡༥ ལོར་བལ་ཡུལ་གྱི་ས་འགུལ་སྐབས་བལ་ཡུལ་ནང་གི་བོད་མི་ཚོར་རོགས་དངུལ་བཏང་བར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་གྲྭ་ཆོས་རྒྱལ་དབང་པོ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཁེ་ན་ཌའི་ནང་གནས་སྡོད་བྱས་ཡོད་པའི་བཟོ་བཀོད་པ་དང་བོད་དོན་ལས་འགུལ་བ་ཉི་མ་རྡོ་རྗེ་ལགས་གདན་འདྲེན་ཞུས་ནས་ཁེ་ན་ཌ་དང་རྒྱ་ནག ཁེ་ན་ཌའི་བོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།

XS
SM
MD
LG