ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀུན་གླེང་ཐད་གཏོང་། ༢༠༢༣ཟླ་ ༥ ཚེས་༡༩


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ཀྱི་བཅའ་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལས་དོན་དབུ་འཛུགས་གནང་བ་དང་། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོགས་ཆེན། ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ཐད་ཉན་ཞིབ། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི། སྲོག་ཁྲིམས་གཅོད་ཚད་ཡར་འཕར་བའི་གནས་ཚུལ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་ཀྱི་ཉིན་མོ་སྲུང་བརྩི་དང་དེ་དང་འབྲེལ་བའི་དྲ་ལམ་གྱི་འདུ་འཛོམས་ཁྲོམ་སྐོར། རྩོམ་པ་པོ་འོད་ཟེར་དང་ནེའུ་ཡོག་དུས་བབ། ཧྥ་རན་སི་ཚིག་ཚོགས་ངོ་སྤྲོད་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཀལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དབུ་བླ་དང་རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་དང་། ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་སོགས་གནད་དོན་སྣ་མང་ཞིག་གི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG