ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༡༢


ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༡༢
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་མཇལ་འཕྲད་དང་། པདྨ་ཚེ་བརྟན་ལགས་ཀྱི་རུས་ཐལ་ཕ་ཡུལ་དུ་སླེབས་པ། སུའུ་ཏན་གྱི་གནས་བབ། ཨུ་རུ་སུའི་གླས་དམག་འཇིགས་སྐུལ་རིང་ལུགས་པ་ཡིན་པར་བརྗོད་པ། པ་ཀི་སི་ཐན་དང་དཀྱིལ་ཤར་ཁུལ་གྱི་ཟིང་ཆ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་དྲ་ལམ་དུ་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་རྗེས་སུ་དྲན་བཞིན་པ་དང་། དམ་པ་ཁོང་གི་གློག་བརྙན་ལ་བལྟ་ས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་དང་བཀའ་བསྟན་ལས་ནང་པའི་དངོས་ཁམས་རིག་པའི་ཉམས་ཞིབ་པ་དགེ་བཤེས་བློ་བཟང་གྲགས་པ། བཀའ་བསྟན་ལས་ནང་པའི་སེམས་ཁམས་རིག་པའི་ཉམས་ཞིབ་པ་དགེ་བཤེས་རིན་ཆེན་རྣམ་རྒྱལ་གསུམ་གདན་འདྲེན་ཞུས་ནས་བཀའ་བསྟན་ནང་དུ་འཁོད་པའི་དངོས་ཁམས་དང་སེམས་ཁམས་རིག་པ་སྟེ། གཟུགས་ཅན་དང་ཤེས་པའི་རྣམ་བཞག་རྣམས་ཕྱོགས་སྒྲིག་དང་པར་སྐྲུན་གྱི་ལས་གཞིའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG