ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༢༣

ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༡༠


ཀུན་གླེང་། ༢༠༢༣ ལོའི་ཟླ་༥ ཚེས་༡༠
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ལ་མྱ་ངན་དང་། ཨུ་རུ་སུས་རྒྱལ་ཁའི་དུས་དྲན་སྲུང་བརྩི། ཨུ་རུ་སུའི་རྡོ་སྣུམ་ཕྱིར་འཚོང་། པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་འཛིན་བཟུང་དང་ཟིང་ཆ། ཨེ་སི་རལ་དང་ཇོར་ཌན་བར་གྱི་ཆུ་བེད་དང་ཉི་ནུས་འབྲེལ་ལམ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་གློ་བུར་དུ་སྐུ་གྲོངས་པའི་པདྨ་ཚེ་བརྟན་ལགས་དང་ཆ་རྒྱུས་ཆེན་པོ་ཡོད་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྟག་ལྷ་རྒྱལ་གདན་འདྲེན་ཞུས་ནས་པདྨ་ཆེ་བརྟན་ལགས་ཀྱི་གློག་བརྙན་དང་མི་ཚེ་སྐོར་ལ་བགྲོ་གླེང་དང་རྗེས་དྲན་ཞུ་རྒྱུ་ཡིན། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གདན་འདྲེན་ཞུས་ནས་སྨོན་ལམ་རིག་ནུས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དུས་རབས་དང་མཐུན་པའི་རབ་འདེགས་གང་འདྲ་ཡོང་བར་རེ་བ་གནང་གི་ཡོད་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG