རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གང་སར་༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བཞིན་ཡོད་པ་རེད།
༄༅། །ཉེ་ཆར་རྒྱ་གར་གསར་འགྱུར་བརྒྱུད་ལམ་ནང་གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་མཚན་སྨད་ཞུས་པར་ངོ་རྒོལ་ཆེད་ཚེས་༢༡ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་མུམ་སྦེ་གྲོང་ཁྱེར་ནང་ས་གནས་ཁག་ལྔ་ཙམ་གྱིས་བོད་མི་དྲུག་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པའི་སྐོར་རྒྱལ་མཚན་ཆོས་གྲགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།