ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀུན་གླེང་། ༢༠༢༣ ལོའི་ཟླ་༤ ཚེས་༡༩


ཀུན་གླེང་། ༢༠༢༣ ལོའི་ཟླ་༤ ཚེས་༡༩
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ལྡི་ལི་རུ་ཞབས་སོར་འཁོད་པ་དང་། ཨོ་སི་ཏྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བཞུགས་སྒར་དུ་མཇལ་ཁ་བཀའ་སློབ་གནང་བ། སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་དྲུང་ཆེའི་ཚོགས་འདུ། སུ་ཌན་གྱི་ནང་འཁྲུག ཡུག་ཀེ་རན་གྱི་དམག་འཁྲུག་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཁུལ་གྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་གདན་འདྲེན་བྱས་ནས་ཧྥ་རན་སི་དང་ཡུ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ཀྱིས་རྒྱ་ནག་ལ་འཚམས་གཟིགས་གནང་རྗེས་ཀྱི་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐད་བགྲོ་གླེང་ཞུ་རྒྱུ་དང་། དེ་བཞིན་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་དང་གྲོགས་པོ་ཕི་ཊར་བྷ་རོང་ལགས་གདན་འདྲེན་བྱས་ནས་ཁོང་གིས་དང་ཐོག་བོད་དོན་རྒྱབ་སྐྱོར་བྱས་ཚུལ་དང་། ད་ལྟའི་བོད་དོན་ལས་འགུལ་ལ་ལྟ་སྟངས་སོགས་ཀྱི་ཐད་གླེང་མོལ་བྱས་ཡོད།།

XS
SM
MD
LG