ཨུ་རུ་སུའི་དམག་འཁྲུག་ཐད་ཚད་གཞི་ཉིས་བརྩེགས་བཟུང་ཡོད་ཟེར།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རེས་གཟའ་མིག་དམར་ཉིན་བཏོན་བའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལོ་འཁོར་སྙན་ཐོ་ལས། དམག་འཁྲུག་ཐད་དོ་སྣང་གི་ཞོར་དུ་ནུབ་ཕྱོགས་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་སྐོར་ལ་ཚད་གཞི་ཐ་དད་འཛིན་བཞིན་འདུག་ཅེས་སྐྱོན་བརྗོད་དང་གསལ་སྟོན་བྱས་ཡོད་པ་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།