ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༢༤


ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༢༤
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཧར་ཝར་སློབ་ཆེན་གྱིས་གོ་སྒྲིག་བྱས་པའི་བདེ་སྐྱིད་ཚོར་བ་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་པ་དང་། ཨུ་རུ་སུའི་དམག་འཁྲུག་དང་རྒྱ་ནག ཊིག་ཀྲོག་འགོ་ཁྲིད་ལ་འདྲི་ཞིབ། དངུལ་ཁང་གི་སེམས་ཁྲལ། འཛམ་གླིང་གློ་གཅོང་ཉིན་མོ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ལོ་ཙཱ་བའི་ཁང་བ་ཞེས་པའི་དྲ་ཚིགས། བསྟན་འཛིན་ནོར་བུའི་ཅ་ལག་བསྐྱར་ཚོང་གི་དྲ་ལམ་ཚོང་ཁང་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༥༩ ལོར་འཛིན་བཟུང་བཙོན་འཇུག་བྱས་ཤིང་བཀའ་བློན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གནང་མྱོང་བའི་ཆབ་སྲིད་བཙོན་ཟུར་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དཔེ་མཛོད་དོ་དམ་པ་རྒན་པ་བསྐལ་བཟང་ལྷ་མོ་ལགས་དང་ལྷན་བོད་རིག་པའི་མཁས་དབང་འཇིན་སི་མིད་དམ་པ་དེའི་སྐུ་ཚེ་དང་དཔེ་དེབ་བསྡུ་རུབ་གཅེར་ཉར་གནང་བའི་མཛད་རྗེས་སོགས་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG