ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༡༠


ཀུན་གླེང་། ༢༠༢༣ ལོའི་ཟླ་༣ ཚེས་༡༠
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི། རྒྱ་གར་ལྷོ་ཕྱོགས་མེ་སོར་སོགས་འཛམ་གླིང་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་༦༤ པ་སྲུང་བརྩི་དང་། ༧གོང་ས་མཆོག་གིས་བདེ་མཆོག་ནག་པོ་བའི་བཀའ་དབང་སྩལ་བ། ཏོག་ནད་ཀྱི་འབྱུང་ཁུངས་ལ་དཔྱད་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ཧོང་ཀོང་གི་གློག་བརྙན་འཁྲབ་མཁན་ཀྲིན་ཙི་ཏན་ལ་ངོ་རྒོལ་གྱི་དྲ་ལམ་ལས་འགུལ། རྒྱུད་གཅིག་ལམ་གཅིག་གི་རྒྱབ་ཏུ་ཞེས་པའི་རྒྱུན་ཤེས་དང་གྲངས་མཛོད། ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ཡིག་མཛོད་དྲ་ཚིགས་ཤིག་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་ཆབ་སྲིད་བཙོན་ཟུར་རྡོ་གཅོད་དཀོན་མཆོག་བསྟན་དར་ལགས་ངོ་སྤྲོད་ཀྱི་ཚན་པ་གཉིས་པ་དེ་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་རྣམ་རྒྱལ་ཤསྟྲི་ལགས་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་༦༤་པའི་ཐོག་ཏུ་སྤེལ་བའི་གསུང་འཕྲིན་གྱི་ནང་དོན་དང་གསུམ་བཅུའི་དུས་དྲན་གྱི གསུང་འཕྲིན་ཁག་གི་འཕེལ་རིམ་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG