ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༡༧


ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༡༧
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་གོང་མས་རྒྱ་ནག་ལ་གསང་མྱུལ་ལྒང་ཕུག་ཐད་གྲོས་ཆོད་བཞག་པ་དང་། རྒྱ་ནག་ཏུ་རྒན་རྒོན་མང་པོས་ངོ་རྒོལ། ངོར་ཀླུ་ལྡིང་མཁན་ཆེན་མཆོག་གི་སྐུ་གདུང་ཞུགས་འབུལ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་དུས་དྲན། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རིའི་འོས་བསྡུ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ ChatGPT དང་། རྒྱ་ནག་ཏུ་བྷ་ཌན་གྱི་གཏམ་བཤད་བཀག་པ། བླ་བྲང་སྨོན་ལམ་སྐབས་ཀྱི་དྲ་ལམ་ཟིན་ཐོ་ཞིག སྨོན་ལམ་རྨང་གཞིའི་ཚིག་མཛོད་ཀྱི་ཁ་པར་བཀོལ་ཆས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་ལས་འགུལ་སྤེལ་ལུགས་ཀྱི་ཉེས་མིང་འོག་རྒྱ་ནག་གི་ཉེན་རྟོག་པས་སྤྱི་ལོ་༢༠༡༥ ལོར་གསེར་རྟ་རྫོང་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་ཆོས་ཀྱིས་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཉེ་ཆར་ཨ་ཧྥི་རི་ཀའི་ནང་ཆོས་ལུགས་མཐུན་སྒྲིལ་ལས་འགུལ་སྤེལ་བའི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG