ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༣


ཀུན་གླེང་། ༢༠༢༣ ལོའི་ཟླ་༢ ཚེས་༣
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པར་ཐུག་འཕྲད་དང་། རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་ལེན་བྱེད་པར་ངོ་རྒོལ། ཡུག་ཀེ་རན་གྱི་དམག་འཁྲུག་གནས་སྟངས། ཧྥེ་ལེ་པིན་དུ་ཨ་རིའི་དམག་མིའི་རྟེན་གཞི་གསར་པ། བྷི་ལིན་ཁེན་རྒྱ་ནག་ལ་ཕེབས་འཆར་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་་ཨ་རིའི་ཕྱི་སྲིད་དྲུང་ཆེ་བོད་མིའི་ངོ་ཚབ་སོགས་ལ་ཐུག་པ་དང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་གྱིས་བོད་གླེང་བ། མཐོང་གྲོལ་ཞེས་པའི་རྩོམ་རིག་དྲ་ཚིགས་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་གར་གྱི་འཚེ་མེད་ཞི་བའི་བསྟི་གནས་ཁང་དེའི་ཉམས་ཞིབ་པ་བསྟན་འཛིན་དགྲ་འདུལ་དང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་གསལ་རྣམ་གཉིས་གདན་འདྲེན་ཞུས་ནས་རྒྱ་གར་གྱིས་བོད་ལ་འཛིན་པའི་སྲིད་ཇུས་བསྐྱར་ཞིབ་ཅེས་པའི་སྙན་ཐོན་ཞིབ་རྒྱས་ཤིག་བཏོན་ཡོད་པའི་ནང་དོན་སོགས་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG