ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཀུན་གླེང་། ༢༠༢༣ ལོའི་ཟླ་༡ ཚེས་༢༧


ཀུན་གླེང་། ༢༠༢༣ ལོའི་ཟླ་༡ ཚེས་༢༧
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་ལ་དམག་འཁྲུག་གི་གནད་འགག་སྐབས་འདིར་ལྕགས་ཁྲབ་འཁོར་ལོའི་རོགས་སྐྱོར་དང་། རྒྱ་གར་དུ་མི་སེར་རྒྱལ་ཁབ་ཉིན་མོ་དུས་ཆེན་སྲུང་བརྩི། ཨ་རིའི་ནང་མེ་མདའ་བཀག་སྡོམ་དང་། ཨ་ཧྥེ་རི་ཀར་ཕྱོགས་མང་པོས་འབྲེལ་བ་འཛུག་བཞིན་པ། གློག་བརྙན་འཁྲབ་མཁན་གྲགས་ཅན་གྷེ་ཨེར་གྱི་གློག་བརྙན་གསར་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ལོ་སར་རིང་སྡུག་གཏམ་བཤད་མི་ཆོག་པ་དང་། ལོ་སར་སྟངས་ཀྱི་རིག་གནས་བདག་དབང་གི་རྩོད་གླེང་། པཱ་ལགས་རྗེས་སུ་དྲན་པའི་མཐོང་གྲོལ་དྲ་ཚིགས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་༡༩༦༠ ལོར་ཨ་རིར་གསང་བའི་སློབ་སྦྱོང་དུ་བསྐྱོད་མྱོང་ཞིང་ལོ་༡༨ ལྷག་ལ་རྒྱ་ནག་གི་བཙོན་ཁང་ནང་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱངས་པའི་བོད་གཞུང་གི་ཆ་དང་དམག་མི་སྐུ་ཞབས་བུ་བཟང་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་རྒྱ་ནག་གི་མི་འབོར་ཉམས་རྒུད་དང་། དེ་ཡིས་རྒྱ་ནག་དང་བོད། འཛམ་གླིང་སྤྱི་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་སྲིད་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG