ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡ ཚེས་༢༠


ཀུན་གླེང་། ༢༠༢༣ ལོའི་ཟླ་༡ ཚེས་༢༠
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་གནས་གཟིགས་གནང་བ་དང་། ས་རཱ་མཐོ་སློབ་ཏུ་ཨ་རིའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ལ་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སློབ་སྦྱོང་ལས་གཞི། རྒྱ་ནག་ལ་གློག་ཆས་ཆིབ་ལེབ་བཀག་སྡོམ་གྱི་འབད་བརྩོན། ཏོག་ནད་ཁྱབ་ཚད་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་ཏུ་༧གོང་ས་མཆོག་གི་དགོངས་པ་ཁྱབ་སྤེལ་དང་། པཎ་ཆེན་རིན་པོ་ཆེ་རྗེས་སུ་དྲན་པ། བོད་ཀྱི་གླེགས་བམ་ཞེས་པའི་དྲ་ཚིགས། FreeTibet ཐེབས་རྩའི་ལས་འགུལ་ལ་གྲུབ་འབྲས་བྱུང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༢༢ ལོའི་ནང་གི་གལ་གནད་ཆེ་བའི་ལས་དོན་ཁག་ཅིག་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG