ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༢ ཚེས་༡༦


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སུད་སུའི་ཁྱིམ་ཚང་འགའ་ཞིག་གིས་རྒྱལ་ཚོགས་མདུན་དུ་བོད་དོན་ལས་འགུལ་སྤེལ་བ་དང་། བོད་ཀྱི་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པའི་སྐད་འབོད། ཡུག་ཀེ་རན་གྱི་དམག་འཁྲུག ཨ་རི་དང་ཨ་ཧྥེ་རི་ཀའི་ཚོགས་ཆེན། བྱང་ཀོ་རི་ཡའི་འཕུར་མདེལ་ལས་རིམ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་འཛམ་གླིང་རྐང་རྩེད་སྤོ་ལོ་དང་བོད་ཀྱི་དྲ་མང་། པྲ་དྲ་གློག་བརྙན་དྲ་ཚིགས་ཀྱི་གསར་གནས། ཝི་པོ་དྲ་ཚིགས་སུ་བོད་དོན་ཚ་གླེང་བྱུང་བ། གཡོ་ཇུས་འོག་ཚུད་དེ་དངུལ་ཤོར་བཞིན་པ། དངུལ་ཤོར་མཁན་ཚོའི་ཉམས་མྱོང་བཤད་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྒྱ་གར་གྱི་གློག་བརྙན་དང་བརྙན་འཕྲིན་སློབ་གླིང་གི་འཁྲབ་གཞུང་རྩོམ་པ་པོ་འཇམ་དབྱངས་ཕུན་ཚོགས་ལགས་དང་ལྷན་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་དེའི་རང་རྣམ་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG