ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བསྩལ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཏཱའི་སི་ཏུ་རིན་པོ་ཆེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རེས་གཟའ་ཟླ་བའི་ཉིན་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བསྩལ་པའི་སྐོར་དྷ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇིགས་མེད་རྒྱ་མཚོས་གནས་ཚུལ་བཏངབར་གསན་རོགས།

ཏཱའི་སི་ཏུ་རིན་པོ་ཆེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། རེས་གཟའ་ཟླ་བའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་གི་སྟ་གོན་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བསྩལ་གནང་མཛད་སོང་བ་དང་། སྐབས་དེར་༧གོང་ས་མཆོག་གིས་རྩ་བའི་དཔལ་ཎ་ལེན་ཌའི་ཆོས་རྒྱུད་དེ་ཉམས་ལེན་བྱེད་པ་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་ཐོག་ནས་འགྲོ་དགོས་དུས། ཟབ་པ་སྟོང་པ་ཉིད་ཀྱི་ལྟ་བ་དང་འབྲེལ་ཏེ་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུ་དེ་ཉམས་ལེན་གྱི་གཙོ་བོ་ཡིན་ཞེས་བཀའ་གནང་བ་དང་སྦྲགས་རྒྱ་ནག་གུང་ཁྲན་ཏང་གིས་དབང་ཆ་བེད་སྤྱད་དེ་ནང་ཆོས་མེད་པ་བཟོ་རྩིས་བྱས་ཡོད་ཀྱང་བོད་རྒྱ་ཆེའི་མི་མང་གི་སེམས་ནང་ཡོད་པའི་ཆོས་དད་མེད་པ་བཟོ་་ཐུབ་ཐབས་མེད་ཅེས་བཀའ་སྩལ་གནང་སོང་བ་བཅས་ཀྱི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG