ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གཞུང་འབྲེལ་འཚམས་གཟིགས་མཇུག་སྒྲིལ་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉིན་༡༥ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལྔ་དང་བོད་མིའི་གནས་ཡུལ་ས་གནས་ཁག་ལ་གཞུང་འབྲེལ་གྱི་འཚམས་གཟིགས་ཐེངས་དང་པོ་མཇུག་བསྒྲིལ་བའི་སྐོར་རྒྱ་གར་ལྷོ་ཕྱོགས་ནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉིན་གྲངས་བཅོ་ལྔ་རིང་ལ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལྔ་དང་བོད་མིའི་གནས་ཡུལ་ས་གནས་ཁག་ལ་གཞུང་འབྲེལ་གྱི་འཚམས་གཟིགས་ཐེངས་དང་པོམཇུག་བསྒྲིལ་གནང་ནས་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་འདུག་པ་དང་། ས་གནས་སོ་སོར་གཞིས་ཆགས་མི་མང་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་ཤག་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་དང་མ་འོངས་་པའི་ལས་འཆར་བཅས་ཀྱི་སྐོར་གསལ་བཤད་དང་མང་ཚོགས་ཀྱི་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་མ་ཟད། ས་གནས་ཀྱི་བདེ་སྡུག་གི་གནས་སྟངས་ལ་ཐུགས་ཞིབ་གནང་ཡོད་པ་བཅས་ཀྱི་སྐོར་རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG