ཀུན་གླེང་། ༢༠༢༡ ལོའི་ཟླ་༢ ཚེས་༡༢
བོད་རྒྱལ་ལོ་ ༢༡༤༨ ལྕགས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ལས་རིམ་གསན་གཟིགས་གནང་མཁན་ཚང་མར་ཨ་རིའི་རླུང་འཕྲིན་ཁང་གི་འགོ་ལས་ཡོངས་ཀྱིས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ལས་རིམ་གྱི་ཐོག་མར་༧གོང་ས་མཆོག་གི་ལོ་སར་གསུང་འཕྲིན་དང་། འབྲས་དཀར་བསམ་པའི་དོན་གྲུབ་གཟིགས་འབུལ་ཞུ་རྒྱུ་ཡིན། ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱིས་ལྕགས་གླང་ལོ་གསར་སྲུང་བརྩི་དང་། ལོ་སར་ཚེས་གཅིག་ཉིན་བོད་དོན་ཞི་བའི་གོམ་བགྲོད་ཀྱི་འགོ་ཚུགས་པ། ཏོག་ནད་འགོག་ཁབ་བགོ་འགྲེམ་གྱི་གནད་དོན། བྱང་ཀོ་རི་ཡའི་གོ་མཚོན་ལས་འཆར་འགྲོ་གྲོན་སོགས་ཀྱི་གསར་འགྱུར་ཡོད།། དེ་རིང་གི་དྲ་སྣང་གི་བོད་དུ་ལས་རིམ་འདིར་ངོ་སྤྲོད་བྱས་པའི་མི་སྣ་ཁག་ཅིག་གིས་གཞིས་བྱེས་བོད་མི་ཡོངས་ལ་གནམ་ལོ་གསར་པའི་འཚམས་འདྲི་ཞུས་ཡོད།། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལོ་རྒྱུས་ཞིབ་འཇུག་པ་ཧོར་གཙང་འཇིགས་མེད་ལགས་དང་ལྷན་བོད་ཀྱི་ལོ་སར་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ལེ་ཚན།
-
སྤྱི་ཟླ་བཞི་པ། ༡༡།༢༠༢༥ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༡༠།༢༠༢༥ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༩།༢༠༢༥ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༨།༢༠༢༥ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༧།༢༠༢༥ཀུན་གླེང་།
-
སྤྱི་ཟླ་བཞི་པ། ༠༤།༢༠༢༥ཀུན་གླེང་།