ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༨


ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༨
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་སུ་ཟིང་ཆ་བཟོས་མིན་ལ་མ་ལྟོས་པར་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་གྲངས་བཤེར་བྱས་ནས་ཇཱོ་བྷ་ཌན་ལ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པ་བསྒྲགས་པ་དང་། མངའ་སྡེ་ཇོར་ཇི་ཡའི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པའི་འོས་མི་གཉིས་ཀར་རྒྱལ་ཁ་ཐོབ་པ། ༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་རྣམས་ལ་སེམས་ངལ་སེལ་ཐབས་ཀྱི་ལམ་སྟོན་གནང་བ་དང་། ཧོང་ཀོང་དུ་དམངས་གཙོ་དོན་གཉེར་བ་འཛིན་བཟུང་དང་། བོད་དོན་ཞི་བའི་གོམ་བགྲོད་པ་གཉིས་གནས་མཆོག་རྡོ་རྗེ་གདན་དུ་སླེབས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ད་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲོད་དགུང་ལོ་༡༠༠ བརྒལ་བའི་རྒན་རྒོན་མཉམ་ཞུགས་གནང་ཡོད་པ་དང་། ལོ་དགུ་ཅན་གྱི་བོད་སྐད་བརྙན་པར་ཟིན་ཐོ་བ་ཞིག་ལ་བཅར་འདྲི་ཞུས་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་འོས་འདེམས་འཐུས་ཚོགས་ཀྱི་འོས་ཤོག་ལ་མཐའ་མའི་གྲངས་བཤེར་བྱས་ནས་ཇཱོ་བྷ་ཌན་ལགས་རྒྱལ་ཁ་ཐོབ་མཁན་ཡིན་པ་གསལ་བསྒྲགས་བྱས་པའི་དོན་སྙིང་དང་ཨ་རིའི་རྒྱལ་སར་བྱུང་བའི་ངོ་རྒོལ་ཟིང་ཆ་ལ་དབྱེ་ཞིབ་བྱས་ཡོད།།

XS
SM
MD
LG