ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཆོས་དད་རང་དབང་ལྷན་ཚོཊ་ཀྱི་ཚོགས་མི་ཚོར་ཐོངས་མཆན་བཀག་པ།


རྒྱ་གར་གྱི་རྒྱལ་དམངས་ཐོབ་ཐང་ཁྲིམས་གཞིར་ངོ་རྒོལ་བྱེད་མཁན་ལ་ཉེན་རྟོག་མི་སྣས་གཅར་རྡུང་གཏོང་བཞིན་པ། ༢༠༡༩།༡༢།༡༩

རྒྱ་གར་གཞུང་གིས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་རྣམས་རྒྱ་གར་ལ་ཡོང་ཆོག་པའི་ཐོངས་མཆན་མ་སྤྲད་པར་ཕྱི་རྒྱལ་གྱི་ལས་ཁུངས་ཤིག་ལ་རྒྱ་གར་གྱི་སྤྱི་དམངས་ཚོར་རྩ་ཁྲིམས་སུ་འཁོད་པའི་ཐོབ་ཐང་ཅི་ཞིག་ཡོད་མེད་ལ་ཞིབ་འཇུག་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་དགག་པ་བརྒྱབབདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་རིའི་གཞུང་གིས་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་ལ་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་བཏོན། ཨ་རིའི་ཕྱི་སྲིད་དྲུང་ཆེས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་དེའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་བཤད། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཁར་གྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོར་བཀོད་པའི་སྐྱོན་འཛུགས་དེ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཁོ་ཚོས་རྒྱ་གར་གྱི་སྤྱི་དམངས་ཚོར་རྩ་ཁྲིམས་ནང་དུ་ཐོབ་ཐང་ཅི་ཞིག་ཡོད་མེད་ཤེས་རྟོགས་གང་ཡང་མེད་པར་རྒྱ་གར་ལ་ཆོས་དད་རང་དབང་མི་འདུག་ཅེས་ཕྱོགས་ལྷུང་གི་སྙན་ཐོ་ཞིག་བཏོན་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་རྣམས་རྒྱ་གར་ལ་ཆོས་དད་རང་དབང་གི་གནས་སྟངས་ཞིབ་འཇུག་བྱེད་དུ་ཡོང་གི་ཡིན་ཟེར་པ་དེར་ང་ཚོས་ཐོངས་མཆན་སྤྲོད་རྒྱུ་མིན་པའི་ཐག་བཅད་པ་ཡིན། རྒྱ་གར་གཞུང་གིས་རང་གི་བདག་དབང་ལ་འབྲེལ་བ་ཡོད་པའི་གནད་དོན་ཁག་ལ་ཕྱིའི་རྒྱལ་ཁབ་་ཐེ་གཏོགས་དང་དཔྱད་སྡོམ་རྒྱག་ཏུ་འཇུག་རྒྱུ་མིན་ཞེས་བཤད།།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཨ་ཤི་བྷ་ཧེན་གྱིས་ང་ཚོའི་ཚོགས་མི་རྣམས་རྒྱ་གར་ལ་བསྐྱོད་ནས་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་དོན་ཕན་ལྡན་པའི་གྲོས་མོལ་བྱ་འདོད་ཡོད། རྒྱ་གར་ནི་སྲིད་དོན་ཚོགས་པ་སྣ་མང་དང་ཆོས་ལུགས་རིས་མེདདམངས་གཙོ་དང་ཨ་མི་རི་ཀའི་མཐུན་གྲོགས་ཉེ་བོ་ཞིག་རེད། དེར་བརྟེན་རྒྱ་གར་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་རྣམས་གཟིགས་ཞིབ་ལ་ཡོང་ཆོག་པ་དང་ཞིབ་འཇུག་བྱེད་དུ་འཇུག་རྒྱུའི་གདེང་སྤོབས་རྙེད་དགོས། དེ་ལྟར་བྱུང་ན་རྒྱ་གར་གཞུང་ལ་རང་གི་ལྟ་བ་དང་ལངས་ཕྱོགས། རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་རྣམས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་ཚོར་ཐད་ཀར་གོ་བརྡ་འཕྲོད་ཐུབ་པའི་དགེ་མཚན་ཡོད་ཅེས་བསྒྲགས། ཨ་མི་རི་ཀའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོ་དེར་སྲིད་བློན་མོ་དྷིའི་གཞུང་གིས་༢༠༡༤་ལོ་སྲིད་དབང་བཟུང་ནས་བཟུང་། རྒྱ་གར་མི་དམངས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་ཅིག་ལ་འགྱུར་གྱི་འདུག་ཅེས་རྒྱ་ནག་དང་ཨི་རན། ཨུ་རུ་སུ་དང་སི་རི་ཡ། བྱང་ཀོ་རི་ཡ་སོགས་མི་དམངས་ཀྱི་ཆོས་དད་རང་དབང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པའི་རྒྱལ་ཁབ་༡༣་གྱི་གྲས་སུ་བཀོད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་ཚོས་སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་གར་གྱི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ་ཁ་ཆེ་ཚོ་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་མི་ཆོག་པ་ཞིག་བསྒྱུར་སོང་། རྩ་ཁྲིམས་སྒྱུར་བཅོས་ལ་འབྲེལ་བ་ཡོད་པའི་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་ཨ་མི་རི་ཀས་འགྲིམ་འགྲུལ་དང་ཚོང་ལས་བཀག་སྡོམ་སོགས་ཀྱི་ཉེས་ཆད་གཅོད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་༢༠༡༩ ལོའི་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ་འགྲེམས་སྤེལ་གནང་བ། ༢༠༢༠།༦།༡༡
ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་༢༠༡༩ ལོའི་ཆོས་ལུགས་དད་མོས་རང་དབང་གི་སྙན་ཐོ་འགྲེམས་སྤེལ་གནང་བ། ༢༠༢༠།༦།༡༡

ད་ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོ་དེར་༢༠༡༩་ལོར་སྲིད་བློན་མོ་དྷིའི་གཞུང་གིས་ཀ་ཤི་མིར་གྱི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ་བྱས་སོང་། ཕྱི་ཟླ་༡༢་པའི་ནང་དུ་རྒྱ་གར་གྱི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་ཁ་ཆེ་ཚོ་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་ཆོག་པའི་ཐོབ་ཐང་འཕྲོག་སོང་། ཧིན་རྡུ་ཆོས་དད་པའི་རུ་ཚོགས་ཁག་གིས་ཁ་ཆེ་དང་གདོལ་པའི་རིགས་ལ་གཏོར་རྒོལ་བྱས་ནས་ཁང་པ་མེར་སྲེག་དང་མི་གསོད་ཁྲག་སྦྱོར་འབྱུང་རྒྱུ་རྒྱུན་ཆད་མི་འདུག རྒྱ་གར་རྒྱལ་ཡོངས་སུ་ཧིན་རྡུ་ཆོས་དད་པའི་རུ་ཚོགས་ཁག་གིས་ཁ་ཆེ་ཚོས་བ་གླང་བཤས་ནས་ཤ་ོང་རྒྱགི་འདུག་ཅེས་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པ་རྣམས་ཐེར་འདོན་བྱས་ཡོད་ཅིང་། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་བཀོད་པ་མང་པོ་ཞིག་རྒྱ་གར་གྱི་ཉེན་རྟོག་པས་དྲག་ཟིང་དུས་སུ་འབྱུང་རྐྱེན་རྣམས་ཐོ་འགོད་བྱས་པ་ཁག་ལ་ཁུངས་གཏུགས་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོ་འགྲེམ་སྤེལ་བྱས་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུ་ལྷན་ཚོགས་དེའི་ཆེས་མཐོའི་སྐུ་ཚབ་བྷེ་རོང་བྷག་གིས་རྒྱ་གར་གྱི་ཆོས་དད་རང་དབང་གི་ཁ་ཕྱོགས་ཉེན་ཚབས་ཅན་ཞིག་ལ་འགྱུར་གྱི་ཡོད་པར་ང་ཚོ་བློ་འཚབ་ཆེན་པོ་ཡོད། རྒྱ་གར་ལ་འགྱུར་ལྡོག་ཅི་ཞིག་ཐེབས་ཀྱི་ཡོད་པ་དེར་ང་ཚོ་སྔར་བཞིན་སེམས་ཁྲལ་ཡོད། རྒྱ་གར་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་ནས་ཆོས་ལུགས་མཐུན་སྒྲིལ་དང་འཆམ་མཐུན། ཆོས་ལུགས་གྲུབ་མཐའ་ཁག་གིས་ཕན་ཚུན་བཟོད་སྒོམ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་རེད། རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་ཡར་རྒྱས་གཏོང་བར་ཤུགས་སྣོན་ཆེན་པོ་ཞིག་རྒྱག་དགོས་ཀྱི་འདུག གལ་སྲིད་ཤུགས་སྣོན་ཆེན་པོ་ཞིག་རྒྱག་མ་ཐུབ་ན་རྒྱ་གར་གྱི་སྤྱི་ཚོགས་ཁག་ཏུ་དྲག་ཟིང་ལང་རྒྱུ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་འདུག་ཅེས་བཤད།།

ཨ་རིའི་རྒྱལ་སྤྱིའི་ཆོས་ད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོ་དེར་རྒྱ་གར་གྱི་ཧིན་རྡུ་གྲངས་མང་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་ཀྱང་ཁེ་ཆེ་དང་ཡེ་ཤུ། ནང་པའི་རྗེས་འཇུག་པ་རིགས་དམན་གདོལ་པའི་རིགས་སུ་རྩི་བཞིན་པ་དེ་དག་ལ་ཧིན་རྡུ་བ་ལྟར་ཆོས་དད་རང་དབང་གི་ཐོབ་ཐང་ཆ་ཚང་ཞིག་མི་འདུག རྒྱ་གར་གྱི་རྩ་ཁྲིམས་སུ་མི་དམངས་ལ་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་ཅེས་འཁོད་ཀྱང་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་གཞུང་དེའི་འཛིན་སྐྱོང་འོག་ཏུ་ཁྲིམས་མཐུན་གྱི་ཆོས་དད་རང་དབང་གི་ཐོབ་ཐང་རྣམས་འཕྲོག་གི་ཡོད་པ་སྟེ། སྤྱི་དམངས་ཀྱི་སྒྲིག་སྲོལ་དང་རྩ་ཁྲིམས་ཀྱི་ཟུར་མཆན་ཁག་ལག་ལེན་བསྟར་ནས་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ཁྱབ་སྤེལ་གཏོང་གི་འདུག རྒྱ་གར་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རན་ལྟར་ཆོས་ལུགས་ལ་འཐབ་རྒོལ་དང་ཆོས་དད་པ་རྣམས་བཙོན་དུ་བཅུག་པའི་གནས་ཚུལ་དེ་འདྲ་འབྱུང་གི་མེད་ཀྱང་རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་བློ་ཁ་ཚིམས་པ་ཞིག་མ་རེད། རྒྱ་གར་གཞུང་གིས་སྲིད་དབང་སྒེར་གཅོད་ལ་འཐབ་རྒོལ་བྱ་དགོས། ཨ་མི་རི་ཀ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཆོས་དད་རང་དབང་ཚུད་པའི་དམངས་གཙོའི་རང་དབང་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་པའི་གདེང་ཚོད་ཡོད་ཅེས་བཀོད།།

རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་ལ་སྐྱོན་བརྗོད་ཕོག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ་མ་འོངས་པར་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། ངྒ་ལ་སོགས་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཁ་ཆེ་རྣམས་རྒྱ་གར་གྱི་སྤྱི་དམངས་སུ་འགྱུར་ཆོག་པའི་ཐོབ་ཐང་བཀག ད་དུང་ཁ་ཆེ་གཙོ་བོར་གྱུར་པའི་མི་གྲངས་དྲུང་ཕྱུར་༡་ཙམ་རྒྱ་གར་གྱི་ས་ཐོག་ཏུ་ཁྲིམས་འགལ་གཞིས་ཆགས་སུ་བསྡད་ཡོད་པ་རྣམས་རང་ཡུལ་ལ་ཕྱིར་སློག་བྱེད་སྲིད་པའི་ཉེན་ཁ་ཡོད་པ ད་ལོའི་ཕྱི་ཟླ་གཉིས་པར་རྒྱ་གར་གྱི་ཁ་ཆེ་ཚོས་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་བར་ངོ་རྒོལ་བྱས་ནས་མི་༢༧་ལ་སྲོག་སྐྱོན་དང་མི་༢༠༠་ལྷག་ལ་རྨས་སྐྱོན། ཧིན་རྡུ་ཆོས་དད་པའི་རུ་ཚོགས་ཁག་གིས་ཁ་ཆེ་ཚོ་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱས་པ་དང་ཁང་པ་མེར་སྲེག་བཏང་བ། རྒྱ་གར་གྱི་ས་གནས་གང་སར་ཧིན་རྡུ་ཆོས་དད་པ་ཚོས་ལྷ་རུ་རྩི་བའི་བ་གླང་རྣམས་ཁ་ཆེ་ཚོས་བཤས་ནས་ཤ་ཚོང་རྒྱག་གི་འདུག་ཅེས་དཀྲོག་གཏམ་སྒྲོགས་ནསལོ་དྲུག་གི་རིང་ལ་ཁ་ཆེ་ཚོར་གཏོར་རྒོལ་ཐེངས་༡༠༠་ལྷག་བྱུང་ཡོད་པའི་གནས་ཚུལ་རྣམས་བཀོད། ོ་འདིའི་ཕྱི་ཟླ་དང་པོར་རྒྱ་གར་གྱི་བྷེང་ལོར་གྲོང་ཁྱེར་དུ་ཡེ་ཤུ་ཆོས་དད་པ་ཚོས་སྟོན་པ་ཡེ་ཤུའི་སྐུ་འདྲ་ཆེན་པོ་ཞིག་བཞེང་གི་ཡོད་པརརྒྱ་གར་གྱི་ཧིན་རྡུ་ཆོས་དད་པ་ཚོས་བཀག་འགོག་བྱ་ཐབས་བྱས་འདུག ཡེ་ཤུ་ཆོས་དད་པ་ཚོར་གཏོར་རྒོལ་བྱ་རྒྱུའང་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཀོད།།

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ནི་སྲིད་དོན་ཚོགས་པ་གཉིས་ཀས་བཙུགས་པའི་སྲིད་གཞུང་གི་སློབ་སྟོན་ལྷན་ཚོགས་ཤིག་ཡིན་པར་མ་ཟད། ལྷན་ཚོགས་འདིས་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེཨ་རིའི་གྲོས་ཚོགས་བཅས་ལ་རྒྱུས་སྟོན་དང་ལམ་སྟོན་བྱ་དགོས། ཡིན་ནའང་ཨ་རིའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་སྙན་ཐོར་འཁོད་པའི་འབྲུ་དོན་ཁག་གཞུང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་བསྒྱུར་ནས་ལག་ལེན་བསྟར་དགོས་པ་ཞིག་མིན། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ར་ཝྭི་ཤི་ཀུ་མར་གྱིས་རྒྱ་གར་ནི་སྲིད་དོན་ཚོགས་པ་སྣ་མང་ཡོད་པདང་སྔ་མོ་ནས་ཆོས་ལུགས་གྲུབ་མཐའ་ཁག་གིས་ཕན་ཚུན་བཟོད་སྒོམ་བྱེད་པའི་རྒྱལ་ཁབ་ཅིག་ཡིན། དེས་ན་རྒྱ་གར་མི་དམངས་ལ་རང་གི་རྩ་ཁྲིམས་སུ་འཁོད་ཟིན་པའི་ཐོབ་ཐང་ཁག་ལ་ཕྱིའི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཁག་གིས་གླེང་སློང་བྱེད་པའམ། ཡང་ན་རྒྱ་གར་མི་དམངས་ཀྱི་ཆོས་དད་རང་དབང་ལ་ཐེ་གཏོགས་བྱ་ས་ཞིག་ཡོད་པ་མཐོང་གི་མི་འདུག་ཅེས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོར་དགག་པ་བརྒྱབ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་གཉིས་ཀྱིས་རང་གི་སྙན་ཐོ་དེར་རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་ལ་སྐྱོན་བརྗོད་བྱས་པར་མོས་མཐུན་མེད་པའིབསམ་འཆར་བཤད། འོན་ཀྱང་ལྷན་ཚོགས་དེའི་ཚོགས་མི་གྲངས་མང་གིས་རྒྱ་གར་གྱི་ཆོས་དད་རང་དབང་གི་གནས་སྟངས་ལ་སྐྱོན་བརྗོད་བྱ་དགོས་པའི་འོས་ཤོག་འཕངས་ཡོད་པ་རེད།།

XS
SM
MD
LG