ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་གར་གྱི་འབྲེལ་བ་ཡར་རྒྱས་དང་རྒྱ་དཀར་ནག་གི་འབྲེལ་བ་ཇེ་སྡུག


༄༅།། རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་དང་མཐུན་ལམ་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་རྒྱ་ནག་ལ་འཇིགས་སྣང་ཡོང་གི་ཡོད་ཅིང་། དེར་བརྟེན་རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་འཁྲུག་རྩོད་ཤུགས་ཆེ་རུ་གཏོང་གི་ཡོད་པའི་རྟགས་མཚན་ཞིག་མངོན། དེང་སྐབས་ཨ་མི་རི་ཀར་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པའི་རྐྱེན་གྱིས་སྲིད་འཛིན་ཌོ་ནལ་ཊམ་རྒྱ་ནག་ལ་སྡང་ཟུག་ཇེ་ཆེ་དང་རྒྱ་ནག་གིས་རྒྱ་གར་ལ་སྡང་ཟུག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG