ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་རྒྱ་ནག་གི་གསར་འགྱུར་ལས་ཁང་བཞི་ལ་དམ་དྲག་བྱ་རྒྱུ།


སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་སློབ་སྟོན་པ་དང་། ཕྱི་སྲིད་དྲུང་ཆེ། ནོར་སྲིད་དྲུང་ཆེ་དང་ལྷན་༢༠༢༠།༥།༢༩ ཉིན་ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་ཧོང་ཀོང་གནད་དོན་ཐད་གསལ་བསྒྲགས་སྤེལ་བ།
སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་སློབ་སྟོན་པ་དང་། ཕྱི་སྲིད་དྲུང་ཆེ། ནོར་སྲིད་དྲུང་ཆེ་དང་ལྷན་༢༠༢༠།༥།༢༩ ཉིན་ཨ་རི་དང་རྒྱ་ནག་བར་གྱི་ཚོང་འབྲེལ་དང་ཧོང་ཀོང་གནད་དོན་ཐད་གསལ་བསྒྲགས་སྤེལ་བ།

ཨ་མི་རི་ཀས་སླར་ཡང་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་བཞི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་ལན་ཡག་ལས་ཁུངས་ལ་ངོས་འཛིན་བྱས་ནས་དམ་དྲག་བྱ་རྒྱུ་དང་། རྒྱ་ནག་གི་གསར་ཁང་དེ་དག་གིས་ཨ་རིའི་ས་ཐོག་ཏུ་གསར་འགྱུར་ཁྱབ་སྤེལ་གྱི་ལས་རིགས་གཉེར་རྒྱུ་དཀའ་ངལ་ཆེ་རུ་འགྲོ་ས་རེད་ཅེས་གནས་ཚུལ་དེར་རྒྱུས་མངའ་ཡོད་པའི་མི་གསུམ་གྱིགཟའ་ལྷག་པའི་ཉིན་རོ་ཡེ་ཊར་གསར་འགྱུར་ལས་ཁང་ལ་བཤད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཐག་གཅོད་འདིས་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་དེ་ཉིད་ྔར་ལས་ཚབས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། བདུན་སྔོན་མའི་གཟའ་པ་སངས་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ཨ་མི་རི་ཀས་རྒྱ་ནག་ལ་ལན་པ་ཚུལ་བཞིན་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པས་ཨ་རིའི་གཞུང་གིས་འཕྲལ་དུ་རྒྱ་ནག་གི་གསར་འགྱུར་ལས་ཁང་བཞི་ལ་དམ་དྲག་བྱ་དགོས་པའི་སྲིད་ཇུས་འདི་ལག་ལེན་བསྟར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་མཱེ་ཁེལ་མཱེཀ་ཁོལ་གྱིས་བཤད་པ་ལྟར་ན། གསར་འགྱུར་ལས་ཁང་དེ་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཡན་ལག་ཡིན་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྟོབས་ཤུགས་སྲ་བརྟན་གཏོང་བར་ཉེན་ཚབས་ཅན་གྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་ལས་གསར་འགྱུར་ཁྱབ་སྤེལ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བཙུགས།།

རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་ཁང་ཐོག
རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་ཁང་ཐོག

ཨ་མི་རི་ཀས་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་ཡན་ལག་ལས་ཁུངས་ལ་ངོས་འཛིན་བྱ་འཆར་ཡོད་པའི་རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་གི་གྲས་སུ་དབུས་བརྙན་འཕྲིན་ཁང་དང་ྒྱ་ནག་གི་གསར་འགྱུར་སྡེ་ཚན་གཉིས་ཚུད་ཡོད་པར་མ་ཟད། ཁ་སྔོན་ཕྱི་ཟླ་གཉིས་པར་ཨ་མི་རི་ཀས་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་དང་རྒྱ་ནག་གི་གོ་ལའི་བརྙན་འཕྲིན་ལས་ཁང་། རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་དང་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམ་སྤེལ་ཁང་། ཧེ་ཐེན་འཛུགས་སྐྲུན་ཁང་བཅས་གསར་འགྱུར་ལས་ཁང་ལྔ་ལ་དམ་དྲག་བྱ་རྒྱུ་ཡིན། རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་རྣམས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྡེ་ཚན་རེད། ཕྱི་རྒྱལ་ཀྱི་གཞུང་ཚབ་ཁང་དེ་དག་གི་རང་ལ་ལས་བྱེད་པ་ཅི་ཙམ་ཡོད་མེདཨ་རིའི་ས་ཐོག་ཏུ་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དེར་མཁར་དངོས་སོགས་ཅི་ཞིག་ཡོད་པ་རྣམས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་པ་ལྟར་རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་དག་གིས་ཀྱང་རང་གི་ལས་བྱེད་པའི་གྲངས་འབོར་ཨ་རིའི་ས་ཐོག་ཏུ་མཁར་དངོས་ཅི་ཞིག་ཡོད་པ་རྣམས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་ལ་ཐོ་འགོད་བྱ་དགོས་ཞེས་ཐག་བཅད། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཕོ་བྲང་དཀར་པོ་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གཉིས་ལ་ཨ་མི་རི་ཀས་སླར་ཡང་དམ་དྲག་བྱ་འཆར་ཡོད་པའི་རྒྱ་ནག་གི་གསར་འགྱུར་ལས་ཁང་དེ་རྣམས་གང་གང་ཡིན་མིན་འདྲི་རྩད་བྱས་ཀྱང་དེ་ལ་ལན་འདེབས་མ་བྱུང་། ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཀྱང་དེ་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦས་གསང་བྱས་ནས་འཛམ་གླིང་ཡོངས་ལ་དུས་ཐོག་ཏུ་ཉེན་བརྡ་མ་བཏང་བ་རེད་ཅེས་སྐྱོན་བཙུགས། བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་གི་གྲོས་ཚོགས་དང་ས་གནས་དེའི་གཞུང་གཉིས་མ་བརྒྱུད་པར་མངའ་ཁུལ་དེར་ལག་ལེན་བསྟར་རྒྱུའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་སོང་ནས་ཛ་དྲག་ཅན་ཞིག་ལ་གྱུར་འདུག གཟའ་འཁོར་འདིར་རྒྱ་ནག་གི་དྲུག་བཞིའི་དུས་དྲན་ཁེལ་ཡོད་པ་སྟེ། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དམག་གིས་དྲག་གནོན་བྱས་ནས་ལོ་༣༡་འཁོར་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་དྲུག་བཞིའི་ལས་འགུལ་སོགས་གླེང་སློང་མེད་པར་ཨ་མི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་དམག་བཏང་ནས་ངོ་རྒོལ་ཞོད་འཇགས་གཏོང་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པ་རྣམས་དགའ་སྣང་གིས་སྒྲོགས་པའམ། ཡང་ན་ཧོང་ཀོང་གི་ངོ་རྒོལ་དང་ཨ་མི་རི་ཀའི་རྒྱལ་ནང་གི་ངོ་རྒོལ་གཉིས་གཤིབ་སྡུར་བྱས་ནས་ཨ་མི་རི་ཀར་ཟུར་ཟ་དང་ཁྱད་གསོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག ཟླ་ཤས་གོང་དེར་པེ་ཅིང་དུ་བཅའ་སྡོད་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར། ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་བཅས་ཀྱི་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་ཆེད་ལས་གཉེར་ཆོག་པའི་ཐོངས་མཆན་ཕར་འགྱངས་མབྱས་པར་ཕྱིར་ཕུད་བྱས་ཤིང་། དེར་བརྟེན་ཨ་མི་རི་ཀར་རྒྱ་ནག་གི་གསར་འགོད་པ་༡༦༠་ཡོད་པ་དེའི་ཁོངས་ནས་མི་༦༠་ཐམ་པ་ཉུང་འཕྲི་བྱེད་དུ་བཅུག་འདུག

༡༩༨༩།༦།༥། ཉིན་སྐྱེ་བོ་གཅིག་གིས་རྒྱ་ནག་གི་འཐབ་འཁོར་བཀག་པ།
༡༩༨༩།༦།༥། ཉིན་སྐྱེ་བོ་གཅིག་གིས་རྒྱ་ནག་གི་འཐབ་འཁོར་བཀག་པ།

ད་དུང་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱ་རྒྱུ་ཡིན། རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོབ་ཐང་ལ་བརྩི་མེད་བཏང་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མེད་པར་གཏོང་གི་ཡོད་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་དགྲར་འཛིན་གྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། གལ་སྲིད་ཨ་མི་རི་ཀས་ཧོང་ཀོང་ལ་དམིགས་བསལ་ཚོང་འབྲེལ་གྱི་གནས་བབ་ཅིག་སྤྲོད་ཀྱི་ཡོད་པ་ཕྱིར་བསྡུ་བྱེད་ཚེ། རྒྱ་ནག་གིས་ཀྱང་ཨ་མི་རི་ཀར་ལན་པ་ནན་པོ་སློག་རྒྱུ་ཡིནསྲིད་འཛིན་ཌོ་ནལ་ཊམ་གྱིསྐད་ཆ་དེ་ཚོས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་དང་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་ཟླ་སློང་གི་འདུག ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཨ་མི་རི་ཀའི་གཏམ་སྤྱོད་དེ་ཚོས་རྒྱ་ནག་གི་ཁེ་ཕན་ལ་ཅི་ཙམ་གནོད་ན་རྒྱ་ནག་གིས་དེ་མཚུངས་ཀྱིས་ཨ་མི་རི་ཀར་ལན་པ་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། སྔོན་ཆད་རྒྱ་ནག་གི་གསར་འགོད་པ་ཚོས་ཨ་རིའི་ས་ཐོག་ཏུ་ཆེད་ལས་གཉེར་ཆོག་པའི་དུས་ཡུན་ལ་ཚད་བཀག་མེད། ཉེ་ཆར་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་གིས་ཨ་རིའི་གསར་འགྱུར་ལས་ཁང་ཁག་གི་ལས་བྱེད་པ་མིན་པའི་རྒྱ་ནག་གི་གསར་འགོད་པ་ཚོར་དུས་ཡུན་ཟླ་བ་༣་གྱི་ཐོངས་མཆན་ལས་སྤྲོད་རྒྱུ་མིན། ཁོ་ཚོས་ལས་ཡུན་ཕར་འགྱངས་ཀྱི་སྙན་ཞུ་འབུལ་ཆོག ཡིན་ནའང་ལས་ཡུན་ཕར་འགྱངས་དེ་ལའང་ཟླ་བ་༣་གྱི་ཐོངས་མཆན་ལས་སྤྲོད་རྒྱུ་མིན་ཞེས་བསྒྲགས།།

ཨ་རིའི་ས་ཐོག་ཏུ་རྒྱ་ནག་གི་གཞུང་འབྲེལ་གསར་འགོད་པ་མིན་པའི་གསར་འགོད་ལས་རིགས་ཀྱི་ཆེད་ལས་གཉེར་མཁན་རྒྱ་ནག་པ་མང་དག་ཅིག་ཡོད་པ་དེ་ཚོར་བློ་འཚབ་ཡོང་གི་ཡོད་པ་སྟེ། ང་ཚོ་རྒྱལ་ཁབ་གཉིས་ཀྱི་རྩོད་གཞིའི་ནང་དུ་ཚུད་རྒྱུ་རེད་ཅེས་གླེང་། དེ་བཞིན་རྒྱ་ནག་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་གསར་འགོད་པ་སྒེར་པ་ཁག་ལའང་བློ་འཚབ་གཅིག་མཚུངས་ཤིག་ཡོང་གི་ཡོད་ཅིང་། ཨ་རིའི་སྒྲིག་ཁྲིམས་གསར་པ་དེ་ཨ་རིའི་ས་ཐོག་ཏུ་རྒྱལ་ཁབ་གཞན་གྱི་གསར་འགྱུར་ལས་ཁང་ཁག་ལ་ལས་དོན་སྒྲུབ་བཞིན་པའི་རྒྱ་ནག་གི་སྤྱི་དམངས་གཞན་ཚོ་ལའང་ལག་ལེན་བསྟར་རྒྱུ། ཨ་རིའི་གཞུང་གིས་རྒྱ་ནག་ལ་གསར་འགོད་རང་དབང་མེད་པ་དང་སྨྲ་བརྗོད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པ་དེར་ལན་པ་ཞིག་སློག་པར་གསར་འགོད་ལས་རིགས་ཀྱི་སྒྲིག་ཁྲིམས་གསར་པ་འདི་དགོས་ངེས་ཤིག་རེད་ཅེས་བཀྲལའདས་པའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གི་གསར་འགོད་པ་ཚོར་ཐོངས་མཆན་གྱི་དུས་ཡུན་ཐུང་ཐུང་དང་ཟླ་བ་༦་ཡས་མས་རེའི་ཐོངས་མཆན་ལས་མི་སྤྲོད་པ། ད་དུང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགྱུར་ལས་ཁང་ཁག་ལ་རང་གི་གསར་འགྱུར་གྱི་ནང་དོན་དེ་ཚོར་ཞིབ་བཤེར་བྱ་དགོས་ཞེས་གནོན་ཤུགས་སྤྲོད་པ། རྒྱ་ནག་གི་སྤྱི་དམངས་ཚོས་ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁགལ་གསར་འགོད་པ་དང་སྐད་སྒྱུར། གསར་འགྱུར་མཁོ་སྤྲོད་ཀྱི་ལས་དོན་སྒྲུབ་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གི་གནོན་ཤུགས་ལ་དང་ལེན་མི་བྱེཔ་དང་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱི་གསར་འགོད་སྤེལ་མཁན་ཕྱི་རྒྱལ་གྱི་གསར་འགོད་རྣམས་རྒྱ་ནག་ནས་ཕྱིར་ཕུད་གཏོང་རྒྱུར་འཛེམ་ཟོན་བྲལ ད་ལྟ་ཨ་མི་རི་ཀས་རྒྱ་ནག་གི་གསར་འགོད་པ་ཚོར་དམ་དྲག་བྱེད་པའི་ཁྲིམས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གྱི་ལམ་ཡིག་འཁྱེར་ཡོད་པའི་གསར་འགོད་པ་ཚོར་ཁྱབ་ཀྱིམེད་པ་རེད།།

XS
SM
MD
LG