ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད།


༅།། ཕྱི་ཟླ་༦་པའི་ཚེས་༤་ཉིན་ནི་༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་དམངས་གཙོའི་ལས་འགུལ་སྤེལ་བ་དང་རྒྱ་ནག་གཞུང་གིས་དེ་ལ་དམག་གིས་དྲག་གནོན་བྱས་ནས་ལོ་༣༡་འཁོར་བའི་དུས་དྲན་ཡིན་ཞིང་། བཞུགས་སྒར་རྡ་རམ་ས་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་ལོར་ཁྲོམ་གཞུང་དུ་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་སོང་།།

༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་གཙོས་ན་གཞོན་སྟོང་ཕྲག་མང་པོ་གནམ་བདེ་སྒོ་མོ་ཆེའི་ཐང་དུ་འདུས་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས། རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་དགོས་ཞེས་འབོད་སྒྲ་བསྒྲགས་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ། རྒྱ་ནག་གཞུང་གིས་དམག་བཏང་ནས་ཕྱི་ཟླ་༦་པའི་་ཚེས་༣་གྱི་མཚན་མོར་སློབ་ཕྲུག་ཚོར་དྲག་གནོན་བྱས་པས་རྒྱ་ནག་ལ་དྲུག་བཞིའི་དོན་རྐྱེན་བྱུང་། ད་ལྟ་རྒྱ་ནག་ལ་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༣༡་འཁོར་བའི་དུས་དྲན་འདིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་མཁན་བོད་པ་ཙམ་མིན་པར་ཧོང་ཀོང་དང་ཐེ་ཝན། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་བཅས་འཛམ་གླིང་གི་ཡུལ་གྲུ་མང་དག་ཅིག་ཏུ་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་བྱེད་ཀྱི་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG