ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ད་ལོ་བཞུགས་སྒར་དུ་ས་ག་ཟླ་བའི་སྨྱུང་གནས་འཚོགས་ཐུབ་ཀྱི་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལོ་ལྟར་བོད་ཟླ་བཞི་པ་སྟེ། ས་ག་ཟླ་བའི་རིང་དུ་བོད་པ་ཚོས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཟླ་བ་འདིར་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་སྲོལ་ཡོད་ཅིང་། རྡ་སའི་ཁུལ་ཀྱི་ཁྱིམ་པ་ཕོ་མོ་མང་པོས་ས་ག་ཟླ་བའི་རིང་དུ་མེག་ལོར་ཁུལ་དུ་ཆགས་པའི་སེར་སྨད་སྨྱུང་གནས་ལྷ་ཁང་དུ་ལོ་ལྟར་སྨྱུང་གནས་སྲུང་སྲོལ་ཡོད་མོད། འོན་ཀྱང་འདི་ལོ་རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱེད་ཡོད་པས་ས་ག་ཟླ་བའི་སྨྱུང་གནས་དེ་འཚོགས་ཐུབ་མེད་པ་རེད།

XS
SM
MD
LG