ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་གི་ཅི་ལིན་ཞིང་ཆེན་ལ་ཏོག་དབྱིབས་ནད་དུག་བསྐྱར་ལོག


རྒྱ་ནག་གི་བྱང་ཤར་མཚམས་སུ་ཆགས་པའི་ཅི་ལིན་ཞིང་ཆེན་གྱི་ཧྲུ་ལན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་བསྐྱར་ལོག་བྱུང་སྟེ་དམག་འཁྲུག་གི་དུས་སྐབས་ལྟར་ཚབས་ཆེའི་འགོས་ནད་དེར་སྔོན་འགོག་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག ཉེ་ཆར་ཧྲུ་ལན་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁང་ཞིག་གི་གོས་ཁྲུས་ཁང་དེའི་ལས་བྱེད་པ་ཏོག་དབྱིབས་ནད་དུག་འགོས་པའི་བུད་མེད་ཅིག་གིས་མི་གཞན་པ་༡༡་ལ་ནད་དུག་བགོས་ནས་བཟུང་། ཧྲུ་ལན་གྲོང་ཁྱེར་གྱི་མིམང་གིས་ལོ་འདིའི་ཏོག་དབྱིབས་རིམས་ནད་ཀྱིདཀའ་ངལ་འོག་ནས་ཐར་ཐབས་བྱེད་བཞིན་པའི་མཚམས་འདིར་སླར་ཡང་འཇིགས་སྣང་གསར་པ་ཞིག་མྱོང་ཡོད་ཅིང་། ཁ་སང་གཟའ་ཉི་མའི་ཉིན་ཅི་ལིན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྷ་དབྱིན་ཆའོ་ལཱུས་ཛ་དྲག་གི་ཚོགས་འདུ་ཞིག་ལ་གཙོ་སྐྱོང་བྱས་ནས་རིམས་ནད་སྔོན་འགོག་དང་བཀག་སྡོམ། ནད་རྟགས་ལ་བརྟག་དཔྱད་བྱ་རྒྱུ་སོགས་ནི་དམག་འཁྲུག་གི་དུས་སྐབས་ལྟར་ལག་ལེན་བསྟར་དགོས། ཧྲུ་ལན་གྲོང་ཁྱེར་དུ་མི་ཁག་ཅིག་ལ་ནད་དུག་འགོས་ཡོད་པ་རྒྱ་ཁབ་ཏུ་སོང་ནས་སྤྱི་དམངས་ཀྱི་བདེ་ཐང་ལ་ཉེན་ཀ་ཆེན་པོ་འཕྲད་སྲིདད་དུང་ཡང་ང་ཚོས་ནད་ཡམས་སྔོན་འགོག་གི་ལས་དོན་འཐུས་སྒོ་ཚང་བ་ཞིག་བྱེད་ཐུབ་ཀྱི་མེད་པ་དང་ལས་དོན་ཁག་ཚུལ་བཞིན་སྒྲུབ་ཐུབ་ཀྱི་མེད་པ་ཡི་ཐང་ཆད་དགོས་པ་ཞིག་རེད། ས་གནས་རིམ་པའི་འབྲེལ་ཡོད་ལས་སྣེ་སུ་ཞིག་གིས་རིམས་ནད་སྔོན་འགོག་གི་ལས་འགན་འཐུས་ཤོར་བཏང་ན་མི་དེས་འགན་འཁྲི་ལེན་དགོས་ཞེགཏམ་བཤད་བྱས་པ་རྣམས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ལུ་འདྲེན་བྱས་འདུག

ཧྲུ་ལན་གྲོང་ཁྱེར་གྱི་མི་༡༡་ལ་ཏོག་དབྱིབས་ནད་དུག་འགོས་པ་ནི་རྒྱ་ནག་ནང་ཁུལ་དུ་སླར་ཡང་རིམས་ནད་འགོས་ཁྱབ་བྱུང་བ་ཞིག་ཡིན་པས་གྲོང་ཁྱེར་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་རིམས་ནད་ཁྱབ་ཡུལ་ཛ་དྲག་ཆེ་ཤོས་སུ་གྱུར་འདུག དེར་བརྟེན་ཧྲུ་ལན་གྲོང་ཁྱེར་གཞུང་གིས་ས་གནས་དེའི་གྲོང་རྡལ་ཁག་དང་གྲོང་གསེབ་ཁག་ལ་འགྲོ་འོང་བཀག་ནས་ལམ་གྱི་བཞི་མདོ་ཁག་དང་འཛུལ་སྒོ་ཁག་ཡོངས་སུ་བཀག་སྟེ་ལམ་སྲུང་བ་བཀྲམ། ཁ་སྔོན་གཟའ་སྤེན་པ་ནས་ཧྲུ་ལན་གྲོང་ཁྱེར་གྱི་མངའ་འོག་ཏུ་ཡོད་པའི་གྲོང་རྡལ་ཁག་དང་གྲོང་གསེབ་ཁག་ལ་འཛུལ་སྒོ་རེ་རེ་ལས་མེད་པར་བཏང་ཡོད་པར་མ་ཟད། ཉིན་ལྟར་ཁྱིམ་ཚང་རེའི་མི་རེ་ཕྱི་ལ་བཟའ་བཅའ་དང་སྨན་སོགས་དགོས་ངེས་ཀྱི་ཅ་ལག་རྣམས་ཉོ་ཆ་རྒྱག་ཏུ་འགྲོ་རུ་འཇུག་གི་ཡོད་མོད། འོན་ཀྱང་གྲོང་ཁྱེར་དེའི་འགྲིམ་འགྲུལ་ལས་ཁང་གིས་ཕྱི་ཟླ་༥་ཚེས་༡༠་ནས་ཚེས་༣༡་བར་དུ་ཧྲུ་ལན་གྲོང་ཁྱེར་ནསཉིན་ལྟར་མེ་འཁོར་འགྲིམ་འགྲུལ་བཅུ་གྲངས་རེ་གཏོང་གི་ཡོད་པ་རྣམསདང་། སྤྱི་སྤྱོད་རླངས་འཁོར་ཡོད་དོ་ཅོག གླ་འཁོར་བཅས་པ་ཆ་ཚང་བཀག་སྟེ་མི་འབོར་༦༣༠༠༠༠་ཡོད་པའི་གྲོང་ཁྱེར་དེའི་མི་དམངས་རྣམས་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་བཏང་འདུག

ཧྲུ་ལན་གྲོང་ཁྱེར་གྱི་སྡིག་སྲིན་ཟ་ཁང་ཞིག་གི་བདག་པོ་དེས་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཁོ་པས་རང་གི་ས་གནས་དེར་ཏོག་དབྱིབས་རིམས་ནད་འཇགས་པའི་རྗེས་སུ་སླར་ཡང་ཟ་ཁ་སྒོ་འབྱེད་གྲབས་བྱེད་བཞིན་ཡོད། ད་ལྟ་སླར་ཡང་ཧྲུ་ལན་གྲོང་ཁྱེར་ལ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་པས་ཟ་ཁང་སྒོ་འབྱེད་ཐུབ་རྒྱུ་མ་རེད། ཏོག་དབྱིབས་ནད་དུག་གི་རིམས་ནད་ཁྱབ་ནས་ཟ་ཁང་ཐམས་ཅད་སྒོ་བརྒྱབ་པ་དང་ཉེ་དུས་ཤིག་ནས་སླར་ཡང་སྲང་ལམ་ཁག་གི་མི་ཚོགས་ཉུང་དུ་ཕྱིན་སོང་ཞེས་བཤད། ཧྲུ་ལན་གྲོང་ཁྱེར་གཞུང་གིས་ཟ་ཁང་དང་གློག་བརྙན་ཁང་། རྩལ་སྦྱོང་ཁང་དང་ཆུ་རྐྱལ་ཁང་། མི་ཚོགས་འདུ་ས་ཁག་བསྐྱར་དུ་སྒོ་བརྒྱབ་སྟེ་ཚོང་ལས་རྣམས་མཚམས་བཞག ད་ལྟ་ས་གནས་དེའི་ཉེ་འཁོར་དུ་ཆགས་པའི་ཏུང་ཧྲེང་རྫོང་གིས་འདས་པའི་ཉི་མ་བཅུ་བཞིའི་ནང་དུ་ཧྲུ་ལན་གྲོང་ཁྱེར་ལ་སོང་སྟེ་རང་གནས་སུ་ཕྱིར་ལོག་བྱས་པའི་ི་ཚང་མ་རྩད་གཅོད་བྱས་ནས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། ཧྲུ་ལན་གྲོང་ཁྱེར་ནས་ཏུང་ཧྥེང་རྫོང་ལ་ཕྱིར་ལོག་བྱ་འཆར་ཡོད་པའི་མི་ཚོས་ངེས་པར་དུ་རྫོང་དེར་སྙན་སེང་ཞུས་ནས་ཉི་མ་༡༤་ལ་གཞུང་གི་ཟུར་འགོག་ཁང་དུ་ཟུར་འགོག་བྱ་རྒྱུ་དང་དེ་ནས་ཉིན་༧་ལ་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་འཐོན་མི་ཆོག་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་འདུག

ས་གནས་དེའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་ཚོགས་མི་རྣམས། ས་གནས་དེའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་རྣམས་དང་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཚོས་རིམས་ནད་སྔོན་འགོག་གི་སྣེ་ཁྲིད་ནས་རང་གི་བཟའ་མི་དང་གྲོགས་པོ། ཁྱིམ་མཚེས་དང་ཡུལ་མི་བཅས་ལ་རིམས་ནད་སྔོན་འགོག་གི་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ཚུལ་བཞིན་བྱེད་དུ་འཇུག་དགོས་ཞེས་བཀོད་འདོམས་བྱས་ཤིང་། ས་གནས་དེའི་སློབ་འབྲིང་གི་སློབ་ཕྲུག་ཚོ་འཛིན་གྲྭར་འཚོགས་རྒྱུ་མཚམས་བཞག་ཡོད་པ་སྟེ། རུས་མིང་ཝང་ཞེས་པའི་བུ་མོ་སློབ་ཕྲུག་ཅིག་གིས་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། འགོས་ནད་དེ་སློབ་འབྲིང་གི་སློབ་ཕྲུག་ཚོར་བགོ་ཉེན་ཆེད་ནས་ཟླ་བའི་གཉིས་ཡས་མས་ཤིག་རྗེས་སུ་སློབ་ཆེན་གྱི་རྒྱུགས་སྤྲོད་དུས་ཚོད་རེད། སློབ་ཕྲུག་ཁག་ཅིག་ནད་དུག་ཁྱབ་ཡུལ་ས་གནས་ཁག་ནས་སློབ་གྲྭར་ཡོང་གི་ཡོད་པས་འཛེམ་ཟོན་བྱ་དགོས་ཀྱི་འདུག དགེ་རྒན་ཚོས་སློབ་ཕྲུག་ཚོར་དྲྭ་ལམ་དུ་སློབ་ཁྲིད་བྱ་རྒྱུའི་བསམ་གཞིག་བྱེད་བཞིན་འདུག་ཅེས་བཤད། ཧྲུ་ལན་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་ས་གནས་དེའི་སྤྱི་བདེ་ལས་ཁང་ཞིག་གི་གོས་ཁྲུས་ཁང་དེའི་ལས་བྱེད་པ་བུད་མེད་ལོ་ན་༤༥་ལ་སོན་པ་དེར་ཏོག་དབྱིབས་ནད་དུག་འགོས་ནས་རང་གི་ཁྱོ་ག་དང་སྲིང་མོ་གསུམ། ཁྱིམ་ཚང་དེའི་བཟའ་མི་གཞན་པ་འགའ་ཞིག་ལ་ནད་དུག་བགོས། དེ་ནས་མི་གཞན་ལ་ནད་དུག་འགོས་པ་རེདཅེས་གྲོང་ཁྱེར་དེར་ཏོག་དབྱིབས་རིམས་ནད་བསྐྱར་ཁྱབ་འབྱུང་སྟངས་ལ་འགྲེལ་བཤད་དེ་འདྲ་ཞིག་རྒྱག་གི་ཡོད་འདུག འོན་ཀྱང་གོས་ཁྲུས་ཁང་དེའི་ལས་བྱེད་པ་བུད་མེད་དེར་ཏོག་དབྱིབས་ནད་དུག་ཇི་ལྟར་འགོས་མིན་རྩད་གཅོད་ཐུབ་ཀྱི་མེད་པ་དང་། ཁོ་མོ་ས་གནས་གཞན་ལ་འགྲིམ་འགྲུལ་དང་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་ཁག་ལ་སོང་མྱོང་མེད་པས་ཧྲུ་ལན་གྲོང་ཁྱེར་གྱི་གཞུང་འབྲེལ་མི་སྣ་ཁག་དང་དྲྭ་དམངས་བཅས་ཀྱིས་ནད་དུག་དེ་ཁྱབ་གདལ་འགྲོ་སྟངས་གསར་པ་ཞིག་ཡོད་པ་མིན་ནམ་ཞེས་འཇགས་སྣང་བྱས་ནས་ནད་དུག་གི་འབྱུང་ཁུངས་འཚོལ་ཞིབ་བྱ་རྒྱུ་དེར་བྲེལ་ཚབས་ལངས་འདུག

ཅི་ལིན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྷ་དབྱིན་ཆའོ་ལཱུས་ཧྲུ་ལན་གྲོང་ཁྱེར་གཞུང་གིས་ནད་པ་དེ་ཚོ་མི་སུ་སུ་ལ་འབྲེལ་འདྲིས་དང་ཐུག་འཕྲད་བྱུང་ཡོད་མེད། ནད་དུག་གི་འབྱུང་ཁུངས་འདི་རེད་སྙམ་པའི་དོགས་པ་ཡོད་ས་ཐམས་ཅད་ལ་རྩད་གཅོད་བྱ་དགོསནད་དུག་འགོས་ཡོད་སྲིད་པའི་དོགས་པ་ཡོད་པའི་མི་ཀུན་ལ་བརྟག་དཔྱད་བྱ་དགོས། ས་གནས་ཀྱི་འབྲེལ་ཡོད་ཚན་པ་ཡོངས་རྫོགས་ཀྱིས་ནད་དུག་འགོས་ཁྱབ་ཀྱི་བརྒྱུད་ལམ་ཁག་ལ་བསྐྱར་དུ་བརྟག་དཔྱད་བྱ་དགོས། ཅི་ལིན་ཞིང་ཆེན་གཞུང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཧྲུ་ལན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་བསྐྱར་ཁྱབ་བྱུང་བར་སྔོན་འགོག་བྱ་དགོས། ང་ཚོས་ནད་ཡམས་ཁྱབ་གདལ་ལ་སྔོན་འགོག་བྱ་རྒྱུ་ནམ་ཡང་ལྷོད་ཡངས་དང་འཐུས་ཤོར་གཏོང་མི་ཉན་ཞེས་བཀའ་ནན་པོ་བཏང་འདུག འདི་ཙམ་ན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་མི་ཁག་ཅིག་ལ་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ཡོད་པས་སྲིད་འཛིན་མུན་ཅེ་དབྱིན་གྱིས་རིམས་ནད་འདི་རྩ་འཇོམས་མ་སོང་བར་དུ་ང་ཚོས་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་མཇུག་བསྒྲིལ་མི་ཐུབ། ང་ཚོས་ནད་མས་ལ་འཐབ་རྒོལ་བྱ་རྒྱུ་གཏན་ནས་ལྷོད་ཡངས་གཏོང་མི་ཉན་ཞེས་གཟའ་ཉི་མའི་ཉིན་གཏམ་བཤད་བྱས་ཤིང་། ད་ལོའི་མགོ་སྟོད་དེར་ལྷོ་ཀོ་རི་ཡར་ཏོག་དབྱིབས་རིམས་ནད་ཁྱབ་ནས་འཕྲལ་དུ་སྔོན་འགོག་བྱས་པར་གྲུབ་འབྲས་ཆེན་པོ་ཐོན། ཉེ་དུས་ཤིག་ནས་ལྷོ་ཀོ་རི་ཡའི་གཞུང་གིས་སྤྱི་ཚོགས་རྒྱང་བཀྱེད་དང་ཚོང་ལས་བཀག་སྡོམ་གྱི་ཁྲིམས་རྣམས་ཕྱིར་འཐེན་བྱས་ཏེ་ཚོང་ཁང་ཁག་སྒོ་ཕྱེམི་རྣམས་སྤྱི་གླིང་ཁག་ལ་འདུ་འཛོམས་བྱེད་འགོ་ཚུགས་ཀྱང་ད་ལྟ་སླར་ཡང་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པས་སྤྱི་ཚོགས་རྒྱང་བཀྱེད་དང་ཚོང་ལས་སྒོ་འབྱེད། མི་དམངས་ཀྱི་རྒྱུན་ལྡན་འཚོ་བའི་བྱེད་སྒོ་ཁག་སླར་གསོ་བྱེད་ཀྱི་ཡོད་པ་དེར་བསྐྱར་དུ་བསམ་བློ་གཏོང་དགོས་ཐུག་གི་ཡོད་པ་རེད།།

XS
SM
MD
LG