ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ལྷག་པ། ༢༠༢༦/༠༣/༡༨
བོད།
རྔ་པའི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་རོགས།
༠༡།༠༥།༢༠༢༠
རྔ་པའི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་རོགས།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
རྔ་པའི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་རོགས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:07
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྔ་པ་བོད་རིགས་དང་ཆཱང་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་སྲོལ་ལ་དག་ཐེར་བྱ་དགོས་པའི་སྙན་ཞུ་ཞིག་ཁ་སང་སྤྱི་ཟླ་༤་བའི་ཚེས་༣༠་ཉིན་དྲྭ་ལམ་ལ་ཡོངས་ཁྱབ་ཏུ་བཀྲམ་འདུག སྙན་ཞུ་དེ་རྒྱ་བོད་སྐད་ཡིག་གཉིས་ཀྱི་སྐད་འཕྲིན་སོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་སྟེ་ཁྲིམས་གླེང་དྲྭ་ཚིགས་སུའང་སྙན་ཞུ་དེ་འདྲེན་བཀོད་བྱས་འདུག
སྙན་ཞུ་དེར་ཉེ་ཆར་རྔ་པ་ཁུལ་སློབ་གསོའི་ལས་ཁུངས་ཀྱིས་ཚོགས་འདུ་ཞིག་ཚོགས་ཏེ་༢༠༢༠་ལོའི་ལོ་མཇུག་ནས་ཁུལ་དེའི་བོད་རིགས་སློབ་ཕྲུག་གཙོ་བོར་གྱུར་པའི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས་སློབ་ཚན་གཞན་རྣམས་རྒྱ་སྐད་དུ་སློབ་ཁྲིད་བྱ་རྒྱུའི་བཀའ་ཁྱབ་ཞིག་བསྒྲགས་ཡོད་པར་རྔ་པ་གཙོས་བོད་ཀྱི་ས་ཁུལ་མང་པོའི་དགེ་སློབ་དང་མང་ཚོགས་རྣམས་མོས་མཐུན་མེད་པའི་བསམ་ཚུལ་མང་པོ་བཏོན། བཀའ་ཁྱབ་དེར་འཐད་པ་ཡོད་མེད་མང་ཚོགས་ལ་དྲྭ་ལམ་དུ་བསམ་ཚུལ་བསྡུ་ལེན་བྱས་ཡོད་པའི་མཇུག་འབྲས་ལྟར་ན། མི་༢༧༢༠༠་ལྷག་གིས་སློབ་ཚན་རྣམས་བོད་ཡིག་གིས་སློབ་ཁྲིད་བྱ་ཐབས་ལ་རྒྱབ་སྐྱོབ་ཡོད་ཅེས་བསམ་འཆར་བཤད་ཡོད་ཅིང་། དེ་བཞིན་སྤྱི་ལོ་༢༠༡༠་ལོར་མཚོ་སྔོན་ཞིང་ཆེན་སློབ་གསོའི་ལས་ཁུངས་ཀྱིས་ཀྱང་སློབ་ཚན་ཚང་མ་རྒྱ་ཡིག་གིས་སློབ་ཁྲིད་བྱ་ཐབས་ལག་བསྟར་བྱ་རྒྱུའི་བཀའ་ཁྱབ་ཞིག་བསྒྲགས་པར་ས་གནས་མི་དམངས་ཀྱིས་སྐྱོན་བརྗོད་བྱས་པས་མཐའ་མཇུག་བཀའ་ཁྱབ་དེ་ཕྱིར་བསྡུ་བྱ་དགོས་བྱུང་ཡོད་པའི་གནས་ཚུལ་ཁག་ཅིག་ལུང་འདྲེན་བྱས་ཡོད་པར་མ་ཟད། ད་ལྟའི་རྔ་པ་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་ཐབས་ལམ་ལག་བསྟར་བྱེད་མི་ཉན། རྒྱ་ཡིག་གཙོ་བོར་འཛིན་དགོས་པའི་སློབ་གསོ་ལག་བསྟར་བཅའ་ཁྲིམས་ཀྱི་རྒྱབ་རྟེན་དུ་གྱུར་ཡོད་པའི་རྔ་པ་ཁུལ་གྱི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་དགོས་པའི་རེ་འདུན་བཏོན་འདུག
སྙན་ཞུ་དེར་རྔ་པ་ཁུལ་གྱི་བོད་སྐད་སྲོལ་ཡིག་གི་དོན་ཚན་༨་པ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགལ་ཡོད་པས་རྒྱ་ནག་གི་བཅའ་ཁྲིམས་དོན་ཚན་༩༠་པའི་ནང་གསེས་༢་པར་འཁོད་པའི་སྤྱི་དམངས་ཀྱི་ཐོབ་ཐང་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་པ་ཁུལ་གྱི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་དགོས་པའི་རྒྱུ་མཚན་བགྲངས་འདུག སྲོལ་ཡིག་དེ་ནི་སྤྱི་ལོ་༢༠༡༨་ལོའི་ཟླ་༩་པའི་ཚེས་༡་ཉིན་ནས་ལག་ལེན་བསྟར་མགོ་བརྩམ་རྒྱུ། སྲོལ་ཡིག་དེའི་དོན་ཚན་༨་པར་རྔ་པ་ཁུལ་དུ་བྱིས་སྐྱོང་སློབ་གསོའི་སྐབས་ནས་བཟུང་སྟེ་རྒྱ་བོད་སྐད་ཡིག་གཉིས་ཀ་ལག་ལེན་བསྟར་ཆོག་པའི་གཏན་ཁེལ་བྱུང་བ་དེར་བོད་པ་ནི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་འགལ་འདུག མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་༣༧་པའི་ནང་དུ་བྱིས་སྐྱོང་སློབ་གསོའམ། རྒྱུན་ལྡན་གྱི་སློབ་ལོ་མ་སོན་པའི་སློབ་གསོ་སྤེལ་སྐབས་རང་གི་ཕ་སྐད་ཁོ་ནས་སློབ་གསོ་སྤེལ་དགོས་ཞེས་གསལ་པོར་ཡོད་པ་ཁུངས་སྐྱེལ་ར་སྤྲོད་བྱས་འདུག
མཐའ་དོན་དེར་རྔ་པ་ཁུལ་ཁྲིམས་བཟོ་ལྷན་ཁང་གིས་གཏན་ལ་ཕབ་པའི་རྔ་པ་ཁུལ་བོད་སྐད་སྲོལ་ཡིག་གིས་རྔ་པ་ཁུལ་མི་དམངས་ཀྱིས་རང་གི་སྐད་དང་ཡི་གེ་དར་སྤེལ་དང་བཀོལ་སྤྱོད་བྱ་རྒྱུའི་རང་དབང་ལ་བརྩི་བཀུར་བྱས་མི་འདུག རྔ་པའི་སྲོལ་ཡིག་གི་གོང་དུ་བཀུར་དགོས་པའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བཅས་ལ་རྒྱབ་འགལ་སོང་ཞིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྔ་པ་ཁུལ་གྱི་བོད་སྐད་སྲོལ་ཡིག་ལ་དག་ཐེར་བྱ་རོགས་ཞེས་སྙན་ཞུ་ཕུལ་འདུག
ད་ལྟ་རྒྱ་ནག་གཞུང་གིས་རྔ་པ་བོད་རང་སྐྱོང་ཁུལ་ལ་བོད་པ་དང་ཆཱང་རིགས་རང་སྐྱོང་ཁུལ་ཞེས་བོད་ཀྱི་ཡོད་ཀྱང་༡༩༥༣་ལོར་ས་གནས་འདིར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ཞེས་པའི་མིང་བཏགས། དེའི་རྗེས་སུ་༡༩༥༥་ལོར་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཞེས་མིང་བསྒྱུར། ༡༩༨༧་ལོར་རྔ་པ་བོད་རིགས་དང་ཆཱང་རིགས་རང་སྐྱོང་ཁུལ་ཞེས་མིང་བཏགས། དེང་སྐབས་ཁུལ་འདིའི་ཁོངས་སུ་གྲོང་ཁྱེར་༡་དང་རྫོང་༡༢་འདུས། རྒྱ་ནག་གཞུང་གིས་བསྡོམས་རྩིས་བྱས་པའི་གྲངས་ཀ་ལྟར་ན་ཁྱོན་བསྡོམས་མི་འབོར་འབུམ་༩་དང་ཁྲི་༤་ལྷག་ཡོད་པའི་གྲས་ཀྱི་བརྒྱ་ཆའི་༦༠་ལྷག་བོད་པ་ཡིན་པ་རེད།།
XS
SM
MD
LG