ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅིུག་པའི་སྐུའི་འཁྲུངས་སྐར་དྲྭ་ཐོག་ནས་སྲུང་བརྩི་ཞུས་པ།


༄༅། །དེང་འཛམ་གླིང་ནང་ཏོག་དབྱིབས་ནད་དུག་གིས་མི་མང་འགྲོ་འོང་བཀག་སྡོམ་འོག་གནས་ཡོད་པར་བརྟེན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོས་དྲྭ་ཐོག་བརྒྱུད་བགྲོ་གླེང་ཐད་གཏོང་གནང་ནས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཉི་མ་མཆོག་དགུང་གྲངས་ ༣༡ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་ཅིང་། དྲྭ་ཐོག་བགྲོ་གླེང་དེར་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་ཐང་རྩོད་ལེན་གནང་མཁན་སྒྲིག་འཛུགས་ཆེ་ཁག་གི་མི་སྣ་མཉམ་ཞུགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད། དེ་ཉིན་གདན་ས་བཀྲིས་ལྷུན་པོས་ཡོངས་ཁྱང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་རྣམས་ཀྱི་གནས་སྟངས་ལ་བློ་ཚབས་ཆེན་པོ་གནང་བ་དང་ཆབས་ཅིག ཁོང་རྣམས་གློད་འགྲོལ་ཐོབ་ཐབས་ལ་རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཞུས་འདུག



XS
SM
MD
LG