ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

བལ་ཡུལ་གཞུང་གིས་གསུམ་བཅུའི་དུས་དྲན་ལ་བཀག་སྡོམ།


༄༅།། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པའི་ཉིན་བལ་ཡུལ་དུ་གནས་འཁོད་བོད་པ་སྐྱབས་བཅོལ་བ་འདུས་སྡོད་ཀྱི་ས་གནས་ཆེ་ཁག་ལ་བལ་ཡུལ་གཞུང་གིས་དམག་དང་གསང་བའི་མི་སྣ་འགྲེམ་འཇོག་བྱས་ནས་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་བྱེད་པའི་ལས་འགུལ་གང་ཡང་སྤེལ་དུ་བཅུག་མེད་པ་སྟེ། བལ་ཡུལ་གྱི་འཕགས་པ་ཤིང་ཀུན་དང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་འཁོར། དེ་བཞིན་ཇོ་ལ་ཁེལ་བཅས་སོགས་སུ་ཞོགས་པ་སྔ་མོ་ནས་བཟུང་སྟེ་བལ་ཡུལ་གཞུང་གིས་དམག་མི་འགྲེམ་འཇོག་གིས་བོད་པ་ཚོའི་འགྲོ་འདུག་ལ་དོགས་ཟོན་ནན་མོ་བྱས་ཤིང་། ལྷག་པར་དུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་འཁོར་དུ་དྲག་ཆས་དམག་མི་རླངས་འཁོར་ཆེ་བ་བཞི་དང་ཉེན་རྟོག་པ། ད་དུང་གསང་བའི་མི་སྣ་བཅས་ཀྱིས་ལྟ་སྲུང་དམ་པོ་བྱས་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་གནས་ཚུལ་བཏང་བ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG