ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལོ་སར་དུས་སུ་ཤོག་སྦག་མི་སྦར་རྒྱུའི་ལས་འགུལ།


ཉེ་ལམ་བོད་ཀྱི་ལོ་སར་གོང་དུ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་སམ་བྷོ་ཏྲ་འོད་སྣང་སློབ་གྲྭའི་དགེ་རྒན་བློ་བཟང་བསྟན་འཛིན་ལགས་དང་སློབ་ཕྲུག་ཚོས་བོད་པ་ཚོར་དགུ་ཐུག་དང་ལོ་སར་སྐབས་སུ་ཤོག་སྦག་སྦར་མི་རུང་ཞིང་། ཤོག་སྦག་ནི་ཁོར་ཡུག་དང་མི་ཕྱུགས་བཅས་ལ་གནོད་སྐྱོན་ཧ་ཅང་ཆེ་བར་མ་ཟད། དངུལ་སྒོར་དོན་མེད་དུ་ཆུད་ཟོས་སུ་གཏོང་བའི་བག་མེད་ལོངས་སྤྱོད་ཀྱི་བྱ་བ་ཞིག་རེད། འདི་ནི་བཀྲ་ཤིས་པ་དང་རྟེན་འབྲེལ་ལེགས་སྒྲིག་གི་བྱ་བ་ཞིག་ཀྱང་མ་མིན་པས་དེ་ལ་དགེ་མཚན་གཏན་ནས་མེད། དེར་བརྟེན་ད་ལོའི་ལོ་སར་ནས་བཟུང་སྟེ་བོད་པ་ཚོས་ཤོག་སྦག་མི་སྦར་བར་དེའི་ཚབ་དབུལ་ཕོངས་ལ་སྦྱིན་གཏོང་སོགས་གཞན་ཕན་གྱི་དགེ་བའི་ལས་སུ་འབད་རྒྱུའི་དམ་བཅའ་འཇོག་དགོས་པའི་འབོད་སྐུལ་བརྙན་ཐུང་ཞིག་བཀྲམ་ནས་ལས་འགུལ་སྤེལ་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG