ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་སྐྱ་ཁྲི་འཛིན་མཆོག་གི་བྷན་དྷ་ར་གཞིས་ཆགས་ཀྱི་མཛད་རིམ་ལེགས་གྲུབ།


༄༅།། ས་སྐྱའི་ཁྲི་འཛིན་༤༢་པ་འདི་ཟླའི་ཚེས་༡༣་ཉིན་བྷན་དྷ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཏེ་ཉིན་གསུམ་གྱི་རིང་ལ་ཁུལ་དེའི་བོད་པ་མང་ཚོགས་ལ་སྦྱིན་སྲེག་དང་སྤྱན་རས་གཟིགས། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་། ད་དུང་ནང་ཆོས་ངོ་སྤྲོད་ལ་སོགས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་ལེགས་པར་གྲུབ་སྟེ། ཕྱི་ཚེས་༡༦་ཉིན་བྷན་དྷ་ར་གཞིས་ཆགས་ནས་ཆིབས་ཞལ་བསྒྱུར་ཡོད་པ་བཅས་ཀྱི་སྐོར། ས་སྐྱའི་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་སུ་ཀུན་བཟང་སྒྲོལ་མས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG