ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་རྔ་པ་ཁྱུང་ཆུ་རྫོང་ཁོངས་སུ་རྩྭ་ཐང་ལ་མེ་སྐྱོན།


བོད་ནང་གི་རྔ་པ་ཁྱུང་ཆུ་རྫོང་ཁོངས་སུ་རྩྭ་ཐང་ལ་མེ་སྐྱོན་ཆེན་པོ་བྱུང་སྟེ་མང་ཚོགས་ཀྱིས་ཉིན་མཚན་གཉིས་ཀར་མེ་བསད་ནས་ཁ་སང་དང་དེ་རིང་གཉིས་ལ་མེ་སྐྱོན་རྒྱ་ཆེ་རུ་སོང་བ་རྣམས་འགོག་ཐུབ་འདུག ཟླ་བ་འདིའི་ཕྱི་ཚེས་༡༢་ཉིན་ཏེ། དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བགོ་བྱས་པའི་སི་ཁྲོན་ཞིང་ཆེན། རྔ་པ་ཁུལ་ཁྱུང་ཆུ་རྫོང་ཁོངས་སུ་མེ་སྐྱོན་བྱུང་སྟེ་རྩྭ་ཐང་མེ་ལ་ཤོར་ཡོད་པའི་སྐོར། བོད་ནང་གི་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ལ་འགྲེལ་བརྗོད་གནང་བ་སོགས་གནས་ཚུལ་བཏང་བ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG