སྲིད་འཛིན་ཊམ་གྱིས་ཁྲིམས་བཤེར་མཇུག་སྒྲིལ་ལ་གསུང་བཤད་གནང་རྒྱུ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་རིང་གཟའ་ཕུར་བུའི་ཉིན་ཕོ་བྲང་དཀར་པོར་རང་ལ་གྲོས་ཚོགས་ཀྱི་ཁྲིམས་ཞིབ་མཇུག་སྒྲིལ་བྱུང་བའི་གནད་དོན་ལ་གསུང་བཤད་ཅིག་གནང་རྒྱུ་ཡིན་ཞིང་། ཁ་སང་ཕྱི་ཚེས་༥་ཉིན་ཨ་རིའི་གྲོས་ཚོགས་གོང་མར་འོས་ཤོག་འཕངས་ནས་སྲིད་འཛིན་ཊམ་ལ་སྲིད་འཛིན་གྱི་སྐུ་དབང་ལོག་སྤྱོད་བྱས་པ་དང་གྲོས་ཚོགས་ཀྱི་ཞིབ་འཇུག་ལས་དོན་ལ་འགོག་རྐྱེན་བརྒྱབ་པའི་ཉེས་འཛུགས་དོན་ཚན་གཉིས་ཀར་ནག་ཉེས་མེད་པའི་ཐག་གཅོད་བྱུང་ཡོད་པ་སོགས་ཀྱི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
ལེ་ཚན།
-
སྤྱི་ཟླ་གཉིས་པ། ༡༡།༢༠༢༥བལ་ཡུལ་དུ་སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཆེད་མཆོད་འབུལ་སྨོན་ལམ།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥བཀྲས་མཐོང་དབང་བོ་ལགས།
-
སྤྱི་ཟླ་གཉིས་པ། ༠༦།༢༠༢༥གཡུང་དྲུང་བོན་གྱི་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་བརྒྱ་སྟོན།
-
སྤྱི་ཟླ་དང་པོ། ༢༥།༢༠༢༥བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་་གི་་འགོ་ཁྲིད་ལ་འཕོ་འགྱུར་བཏང་བར་དཔྱད་ཞིབ།
-
སྤྱི་ཟླ་དང་པོ། ༡༥།༢༠༢༥སྙེ་མོའི་ཨ་ནེ་དང་གྱེན་ལངས་ལས་འགུལ།