ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༣/༠༩/༢༣
འཛམ་གླིང་།
ཨེ་ཤི་ཡའི་མི་རབས་གསར་པའི་ན་གཞོན་ལས་འགུལ་བ།
༠༡།༠༢།༢༠༢༠
ཨེ་ཤི་ཡའི་མི་རབས་གསར་པའི་ན་གཞོན་ལས་འགུལ་བ།
པར་འདེབས་པ།
༄༅།། རྒྱལ་སྤྱིའི་ཉེས་ཡངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཉེ་ཆར་ཕྱི་ལོ་༢༠༡༩་ལོར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཀྱིས་ཨེ་ཤི་ཡའི་རྒྱལ་ཁབ་༢༥་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་བྱས་པའི་ལས་བསྡོམས་སྙན་ཐོ་གསར་པ་ཞིག་བཏོན་ཞིང་། སྙན་ཐོ་དེར་སྤྱི་ཡོངས་ཀྱི་ཆ་ནས་༢༠༡༩་ནི་བཙོན་གནོན་དང་མཉམ་དུ་འགོག་རྒོལ་གྱི་ལོ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག
Embed
share
ཨེ་ཤི་ཡའི་མི་རབས་གསར་པའི་ན་གཞོན་ལས་འགུལ་བ།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:53
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
རྒྱལ་སྤྱིའི་ཉེས་ཡངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་བསྡོམས་སྙན་ཐོ་དེར་ཕྱི་ལོ་༢༠༡༩་ལོར་ཨེ་ཤི་ཡའི་རྒྱལ་ཁབ་༢༥་སྲིད་གཞུང་ཁག་གིས་ཆབ་སྲིད་ལྡོག་ཕྱོགས་ཀྱི་ལྟ་བ་འཛིན་མཁན་ཚོར་གདུག་རྩུབ་ཆེ་བའི་བཙན་གནོན་དང་དམ་དྲག ད་དུང་དགྲར་འཛིན་དང་ཤུགས་རྐྱེན་ངན་པའི་སྤྱི་ཚོགས་དྲྭ་ལམ་ཁག་ལ་བཀག་སྡོམ་བྱེད་ཀྱི་ཡོད་ཚུལ་དང་། དེ་བཞིན་སྲིད་དོན་གྱི་རྒྱུ་ཚན་བཅས་ལ་བརྟེན་ནས་མི་མང་གི་གཏམ་བརྗོད་རང་དབང་ལ་དམ་དྲག་བྱས་པས་རྒྱལ་ཁབ་དེ་དག་གི་ན་གཞོན་ཆབ་སྲིད་དང་སྤྱི་ཚོགས་ལས་འགུལ་བ་མི་རབས་གསར་པ་ཞིག་གིས་ཁ་གཏད་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིབ་ཕྲ་བཀོད་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཤར་ཕྱོགས་དང་ལྷོ་ཤར་ཨེ་ཤི་ཡ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ས་གནས་སྤྱི་ཁྱབ་འགན་འཛིན་ཎི་ཀོ་ལ་སི་བྷེ་ཀུ་ལིན་གྱིས་ཨེ་ཤི་ཡའི་གླིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁག་གིས་མི་མང་གི་གཞི་རྩའི་རང་དབང་ཐོབ་ཐང་ཁག་རྕ་མེད་བཟོ་ཐབས་བྱེད་བཞིན་འདུག འདི་དང་དུས་མཉམ་དུ་མང་ཚོགས་ཀྱིས་གཞུང་གི་དབང་སྒྱུར་སྒྲིག་འཛུགས་ཁག་ལ་ཁ་གཏད་དང་རྒོལ་འཛིང་བྱེད་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དེའི་མདུན་ཕྱོགས་སུ་སྣེ་ཁྲིད་བྱེད་མཁན་རྣམས་ན་གཞོན་མི་རབས་གསར་པ་ཞིག་ཐོན་འདུག་ཅེས་གསུངས་ཡོད་པ་རེད།
སྐུ་ཞབས་བྷེ་ཀུ་ལིན་གྱིས་ཧོང་ཀོང་གི་ནང་སྲིད་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་ཀྱི་ཡོད་པར་མངའ་ཁུལ་དེའི་སློབ་ཕྲུག་ན་གཞོན་ཚོས་ཁ་གཏད་བཅག་ནས་ངོ་རྒོལ་བྱུང་ཡོད། རྒྱ་གར་གཞུང་གིས་ཁ་ཆེ་ཚོ་ཟུར་འདོན་དབྱེ་འབྱེད་བྱས་པའི་སྲིད་ཇུས་ལ་རྒྱ་གར་གྱི་སློབ་ཕྲུག་ཚོས་ངོ་རྒོལ་ལས་འགུལ་ཞིག་གི་སྣེ་ཁྲིད་བྱས་ཡོད། དེ་བཞིན་ཐེ་ལན་ཌིའི་མི་རབས་གསར་པའི་ན་གཞོན་འོས་བསྡུ་བ་ཚོས་ཕྱོགས་འགལ་སྲིད་དོན་ཚོགས་པ་གསར་པ་ཞིག་ལ་དགའ་ཞེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟེ། ཐེ་ལན་ཌའི་རང་བཙན་དོན་གཉེར་བའི་གཞུང་འཛིན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་སོགས་དབང་འཛིན་སྒྲིག་འཛུགས་ཁག་ལ་ཁ་གཏད་ཀྱི་ལས་འགུལ་འདི་རྣམས་ན་གཞོན་མི་རབས་གསར་པ་ཞིག་གིས་སྣེ་ཁྲིད་བྱེད་བཞིན་པ་རེད་ཅེས་གསུངས་ཡོད་པ་རེད།
རྒྱལ་སྤྱིའི་ཉེས་ཡངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཨེ་ཤི་ཡའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་རྒྱ་ནག་གིས་མང་ཚོགས་ཀྱི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པས་གླིང་ཆེན་ཡོངས་ཁྱབ་ཀྱི་ནང་དུ་མང་ཚོགས་ལ་བཙན་གནོན་དང་དམ་དྲག་གི་འགྱུར་འགྲོས་ཤིག་འགོ་ཚུགས་པ་རེད་ཅེས་མཛུབ་སྟོན་གནང་སྟེ། ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་སྲིད་གཞུང་ཁག་གིས་མི་མང་གི་རང་དབང་ཐོབ་ཐང་ལ་དྲག་གནོན་བྱེད་པའི་གནས་ཚུལ་ཞིབ་ཕྲ་ལོ་འཁོར་སྙན་ཐོ་དེར་བཀོད་འདུག
སྔ་ལོ་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་གཞུང་ལ་དོགས་ཅན་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་དགོས་ཞེས་རྩིས་སྤྲོད་ཁྲིམས་གཞི་ཞིག་གཏན་འབེབས་བྱེད་དུ་བཅུག་པར་ཧོང་ཀོང་གི་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་སྲིད་གཞུང་གིས་ཧོང་ཀོང་དབྱིན་ཇིའི་ལག་ནས་རྩིས་ལེན་བྱས་པའི་སྐབས་སུ་མངའ་ཁུལ་འདིའི་དམངས་གཙོའི་རང་དབང་གི་ཐོབ་ཐང་ཁག་ལ་འགན་སྲུང་བྱ་རྒྱུ་ཡིན་པའི་ཁས་ལེན་དང་། ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་རྣམས་བརྩི་མེད་གཏོང་ཐབས་ཤིག་རེད་ཅེས་སེམས་འཚབ་ཆེན་པོས་དམངས་གཙོ་དོན་གཉེར་གྱི་ལས་འགུལ་ཞིག་འགོ་ཚུགས། ཁོ་ཚོའི་དགོས་འདུན་དེ་དག་མ་གྲུབ་བར་དུ་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་པའི་ཆོད་སེམས་བརྟན་པོ་བཙུགས། ཡང་རྒྱ་གར་གྱི་སྲིད་བློན་མོ་དྷིའི་གཞུང་གིས་ཁ་ཆེ་ཚོ་ཟུར་འདོན་དབྱེ་འབྱེད་བྱེད་པའི་སྤྱི་དམངས་ཐོབ་ཐང་གི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱུང་བར་རྒྱ་གར་མི་མང་ས་ཡ་མང་པོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་འདུག་ཅེས་འཁོད་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ལས་བསྡོམས་སྙན་ཐོ་དེར་ཨིན་རྡུ་ནེ་ཤི་ཡའི་གྲོས་ཚོགས་ཀྱིས་མི་མང་གི་རང་དབང་ལ་དམ་དྲག་བྱེད་པའི་ཁྲིམས་གཞི་གསར་པ་མང་པོ་ཞིག་གཏན་འབེབས་བྱས་པར་མི་མང་གིས་ངོ་རྒོལ་བྱས་ཡོད་ཅིང་། ཨབ་གྷ་ཎི་སི་ཐན་ལ་རྒྱ་ཆེའི་མི་མང་གིས་རང་གི་བདེ་འཇགས་ལ་ཉེན་ཁ་འཛེམས་མེད་ཀྱིས་ཡུལ་དེར་ལོ་བཅུ་ཕྲག་མང་པོའི་ནང་འཁྲུག་ལངས་པ་མཚམས་འཇོག་ཡོང་ཐབས་སུ་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ། དེ་བཞིན་པ་ཀི་སི་ཐན་ལ་སྲིད་གཞུང་གིས་ཆབ་སྲིད་ལྡོག་ཕྱོགས་པ་རྣམས་གར་སོང་མེད་དུ་གཏོང་ཐབས་བྱས་པ་དང་། ཁྲིམས་ལུགས་ལ་མི་མཐུན་པའི་ཉེས་ཆད་གཅོད་ཀྱི་ཡོད་པ་སོགས་བཙན་གནོན་གྱི་སྲིད་ཇུས་ཁག་ལག་ལེན་བསྟར་པར་པག་ཏུན་ཏ་ཧ་ཧྥུ་ཛི་སྒྲིག་འཛུགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་གྱི་ཞི་བའི་ལས་འགུལ་སྤེལ་བཞིན་ཡོད་པས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་མང་པོར་སྲིད་གཞུང་གིས་མང་ཚོགས་ཀྱི་གཞི་རྩའི་རང་དབང་ཐོབ་ཐང་ལ་བརྩི་རྡོག་རོལ་དང་དྲག་གནོན་བྱེད་ཀྱི་ཡོད་པར་རྒྱ་ཆེ་མང་ཚོགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པའི་མང་ཆེ་བ་ནི་ན་གཞོན་མི་རབས་གསར་པའི་ལས་འགུལ་བ་ཚོས་སྣེ་འཁྲིད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིབ་ཕྲ་ཁག་ཅིག་འཁོད་ཡོད་པ་རེད།།
Back to top
XS
SM
MD
LG