དེང་སྐབས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བཞིན་པའི་གློ་ཚད་ཀྱི་ནད་ཡམས་དེས་ཉུང་མཐར་ཡང་མི་༡༧་ལ་སྲོག་སྐྱོན་དང་མི་བརྒྱ་ཕྲག་མང་པོར་ནད་དུག་དེ་ཁྱབ་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་གིས་ནད་ཡམས་དེའི་སྐོར་གྱི་དངོས་ཡོད་གནས་ཚུལ་ཁ་གསལ་མཁོ་སྤྲོད་བྱ་དགོས་པ་དང་། ཐེ་ཝན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་སུ་འཇུག་དགོས་ཀྱི་འདུག་ཅེས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་འབོད་སྐུལ་ཞུས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།