ཨི་རན་ནང་འགྲིམ་འགྲུལ་གནམ་གྲུ་ལ་གཏོར་རྒོལ་བཏང་ནས་འགྲུལ་པ་མི་གྲངས་ ༡༧༦ ཚང་མར་འཆི་སྐྱོན་བྱུང་བར་ཨི་རིན་གྱི་སློབ་ཕྲུག་ཚོས་་མྱ་ངན་འདུ་འཛོམས་ཞིག་བྱས་འདུག་པ་དང་། རྗེས་སུ་འདུ་འཛོམས་དེ་ཨི་རན་གཞུང་དང་འགོ་འཁྲིད་ཚོར་ཁོང་ཁྲོ་ཆེན་པོས་ངོ་རྒོལ་གྱི་རྣམ་པར་འགྱུར་འདུག་ཅིང་། སྔར་ལོ་ཕྱི་ཟླ་བཅུ་གཅིག་ནང་སློབ་ཕྲུག་གིས་ངོ་རྒོལ་བྱས་སྐབས་དྲག་གནོན་བྱས་ཏེ་མི་གྲངས་ ༣༠༠ ལྷག་དམར་བསད་བཏང་ཡོད་པས་ད་ལམ་སླར་ཡང་དེ་ལྟར་བྱས་ན་འགྲིགས་ཀྱི་མ་རེད་ཅེས་ཨ་རིའི་སྲིད་འཛིན་ཀྲམ་གྱིས་ཨི་རན་ལ་སྡིག་ར་བཏང་འདུག་པའི་སྐོར་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཕབ་བསྒྱུར་དང་། སྙན་སྒྲོན་གནང་གི་རེད།