ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་ས་མཚམས་གནད་དོན་ཐག་གཅོད་བྱ་མི་རུང་།


༄༅།། རྒྱ་གར་གྱི་དམག་སྤྱི་ཞིག་གིས་ལོ་གསར་པའི་སྔ་ནུབ་ཏུ་གཏམ་བཤད་ཅིག་བྱས་པའི་ནང་། བོད་ཀྱི་དཀའ་རྙོག་མ་སེལ་བར་དུ་རྒྱ་གར་གྱིས་རྒྱ་ནག་དང་ས་མཚམས་སྐོར་ཐག་གཅོད་གང་ཡང་བྱ་རྒྱུ་མེད་ལུགས་བརྗོད་པ་མ་ཟད། རྒྱ་གར་གྱིས་རྩོད་གཞི་ཅན་གྱི་བྱང་ཕྱོགས་ཨག་ས་ཡི་ཅིན་ས་མཚམས་དང་ཨ་རུ་ན་ཅལ་མངའ་སྡེ། དེ་བཞིན་ཀ་ཤི་མི་རི་བཅས་ཀྱི་ས་ཁུལ་ཁག་ཏུ་སྤྱང་དྲུང་དོད་པོའི་ངང་ལྟ་སྲུང་བྱེད་དགོས་ལུགས་བརྗོད་པའི་སྐོར། གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།


XS
SM
MD
LG