ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏུར་ཀིའི་ལྟ་སྐྱོང་འོག་གི་ཡུ་གུར་བའི་བུ་ཕྲུག་སྐྱབས་བཅོལ་བ།


༄༅།། ཏུར་ཀིའི་རྒྱལ་ཁབ་ཀྱི་ཨི་སི་ཊན་བྷུལ་གྲོང་ཁྱེར་ཕྱི་ཕྱོགས་སུ་སློབ་གྲྭ་ཞིག་ཡོད་པ་དེའི་ནང་གི་སློབ་ཕྲུག་རྣམས་ནི་ཕ་མ་ཚོ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཞིན་ཅང་གི་ཡུ་གུར་བའི་བུ་ཕྲུག་སྐྱབས་བཅོལ་བ་རྣམས་ཡིན་ཞིང་། ཁོ་ཚོར་རང་ཡུལ་དུ་ཡུ་གུར་བའི་སྐད་དང་རིག་གཞུང་། ཆོས་ལུགས་སོགས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཧ་ཅང་དཀོན་པོ་ཡིན་མོད། འོན་ཀྱང་བུ་ཕྲུག་མང་པོ་ཞིག་ལ་སློབ་གྲྭ་དེ་ད་ཕྲུག་ཁང་ལྟ་བུ་ཞིག་གི་ཚོར་སྣང་ཡོང་གི་ཡོད་པ་སོགས་ཀྱི་སྐོར། གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG