ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་གུར་བ་ངལ་རྩོལ་བཙན་བཀོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གིས་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གི་ཡུ་གུར་བ་གཙོས་ཁ་ཆེའི་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པ་དང་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱེད་བཞིན་ཡོད་པའི་གནས་ཚུལ་ཧ་ཅང་ཚབས་ཆེན་ཞིག་ཐོན། ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་ལ་གསར་འགྱུར་སྤེལ་བ་ལྟར་ན་ཞིན་ཅང་གི་རྒྱ་ནག་དམར་ཤོག་ས་གནས་གཞུང་གིས་ཡུ་གུར་བ་སོགས་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལས་ཀའི་གོ་སྐབས་སྐྲུན་གྱི་ཡོད་ཅེས་ཁ་གཡང་བསྒྲགས་ནས་མི་དམངས་རྣམས་འདོད་པ་ཡོད་པ་མེད་ལ་མ་བལྟས་པར་གཞུང་གིས་བཙན་གྱིས་ལས་ཀ་བཀོད་སྒྲིག་བྱེད་ཀྱི་ཡོད་ཅིང་། གཞུང་གིས་བཀོད་སྒྲིག་བྱས་པ་ལྟར་ལས་ཀ་མི་བྱེད་མཁན་ལ་ཉེས་ཆད་གཅོད་ཀྱི་ཡོད་པ་རེད།

ཞིན་ཅང་གི་ཡུ་གུར་བ་རྣམས་བཙན་གྱིས་ངལ་རྩོལ་ལ་བཀོལ་རྒྱུ་ནི་གཞུང་གིས་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་བཞིན་པའི་ལས་གཞི་ཆེན་པོ་ཞིག་ཡིན་པས་གཞུང་གི་གནོན་ཤུགས་ཀྱི་འོག་ཏུ་ས་གནས་ཚང་མར་ཞིང་པ་དབུལ་ཕོངས་དང་ཚོང་ལས་ཙག་ཙིག་གཉེར་མཁན་གྱི་རིགས། སོལ་དལ་ངང་སྡོད་མཁན་གྱི་སྡེ་མི་སོགས་ལ་དུས་ཡུན་བདུན་ཕྲག་ཁ་ཤས་སམ། ཟླ་ཁ་ཤས་ཀྱི་རིང་ལ་བཙན་གྱིས་བསམ་བློ་སྒྱུར་བཀོད་ཀྱི་སློབ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད། སློབ་ཁྲིད་དེ་དག་ཚར་བའི་རྗེས་ལ་གོན་པ་དང་ལྷམ་འཚེམ་བཟོ་གྲྭའམ། སྲང་ལམ་ཕྱགས་རྒྱུ་སོགས་ཀྱི་ལས་ཀར་བཀོལ་བཞིན་པ་རེད། ཞིན་ཅང་གི་མི་མང་པོ་ཞིག་འདི་ལྟར་བཙན་གྱིས་ལས་ཀར་བཀོལ་བཞིན་པའི་དམིགས་ཡུལ་ནི་གཞུང་གིས་ཡུ་གུར་བ་རྣམས་དམག་སྡེ་ལྟར་གཞུང་གི་སྒྲིག་སྲོལ་གྱི་འོག་ཏུ་འཇུག་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་པ་རེད།

ཞིན་ཅང་གི་ཚཱ་པུ་ཊར་རྫོང་ལྟ་བུར་མཚོན་ན་གཞུང་གིས་འབྲེལ་ཡོད་ལས་ཁང་གིས་ཆེད་དུ་རྫོང་མངའ་ཁོངས་ཀྱི་སྡེ་མི་རྣམས་ལ་དམག་སྡེ་ཇི་བཞིན་བཀའ་སྲུང་ཇི་སྒྲུབ་ཞུ་དགོས་པའི་ཟབ་སྦྱོང་སྤྲད་ནས་སྡེ་མི་རྣམས་རྒྱ་ནག་དམར་ཤོག་ཚོགས་པ་དང་བཟོ་གྲྭའི་བདག་པོི་བཅས་ལ་བློ་དཀར་པ། ཁོ་ཚོའི་བཀའ་ལ་བརྩི་མཁན་གྱི་བཟོི་བར་སྒྱུར་བཀོད་བྱེད་བཞིན་ཡོད་ཅིང་། རྫོང་དེའི་འཛིན་སྐྱོང་གཞུང་གིས་གསལ་བསྒྲགས་སྤེལ་བ་དེར་དུས་ཡུན་རིང་པོར་སྒྱིད་ལུག་དང་འཁྱམ་མྱུལ། སོལ་དལ་བག་ཕེབས་བྱས་ནས་སྡོད་རྒྱུའི་རང་དབང་གི་བྱ་སྤྱོད་ལ་འགྱུར་བ་བཏང་ནས་ཁེ་གཉེར་བའི་ཁྲིམས་སྒྲིག་སྲོལ་དང་ལས་ཀའི་སྒྲིག་སྲོལ་ཁག་ལ་བརྩི་སྲུང་བྱེད་མཁན་ཞིག་བྱེད་དགོས་པའི་བཀའ་ཕབ་ཡོད་པ་རེད།

རྒྱ་གཞུང་གིས་ལས་མེད་དུ་སྡོད་མཁན་གྱི་ཡུ་གུར་བ་དང་ཧ་ས་ཁ་བ་རྣམས་ངལ་རྩོལ་ལ་མ་བཀོལ་ན་མི་དེ་ཚོས་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་བྱ་རྒྱུ་དང་མི་དེ་དག་ལ་སྲིད་གཞུང་གིས་སྟངས་འཛིན་བྱས་ནས་ཞིན་ཅང་ལ་ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། འཇིགས་སྐུལ་རིང་ལུགས་པ་རྣམས་བཀག་འགོག་བྱེད་ཐུབ་པའི་ངོས་འཛིན་བྱེད་བཞིན་པ་དང་། གཞུང་གིས་ལས་ཀ་འདི་རྣམས་བྱེད་མིན་ནི་རང་མོས་ཡིན་པའི་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་གནས་ཚུལ་འདིར་དབྱེ་ཞིབ་བྱེད་མཁན་ཚོས་གཞུང་གིས་བཙན་གྱིས་མི་དམངས་ལ་ངལ་རྩོལ་བཀོལ་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱེད་བཞིན་པ་རེད།

ཞིན་ཅང་གི་ཡུ་གུར་བ་ཕལ་མོ་ཆེ་སྲིང་བལ་བཟོ་གྲྭ་སོགས་སུ་ལས་ཀར་བཀོལ་བཞིོན་པ་དང་། ཡུར་གུར་བ་སོགས་དམག་མི་ལྟར་བཀའ་བརྩི་མཁན་གྱི་ངལ་རྩོལ་པར་སྒྱུར་བཀོད་བྱ་རྒྱུ་སོགས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ཕྱི་ནང་གཉིས་སུ་ལག་ལེན་བསྟར་སྤེལ་བཞིན་འདུག མདོར་ན་ཡུ་གུར་བ་དང་ཁ་ཆེའི་གྲངས་ཉུང་མི་རིགས་གཞན་གྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་བརླག་ཏུ་གཏོང་རྒྱུ་དང་ཡུ་གུར་བ་དང་ཧ་ས་ཁ་བ་རྣམས་འདུས་སྡོད་ཀྱི་ས་ཁུལ་ཁག་གི་མི་རྣམས་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད་ཅིང་། ཡུ་གུར་བ་འདུས་སྡོད་ཀྱི་འཚོ་བ་སྐྱེལ་སྟངས་ལ་གཏོང་བཤིག་གཏོང་ཐབས་བྱེད་ཀྱི་ཡོད་པས་ཡུ་གུར་བ་ཚོས་མི་རིགས་ལ་གཉའ་གནོན་བྱེད་ཐབས་ཤིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད། ཕྱིའི་རྒྱལ་ཁབ་ཀྱི་བཟོི་ཚོང་ཁང་ཁག་ཅིག་གིས་ཀྱང་ཞིན་ཅང་ལ་བཙན་གྱིས་མི་རྣམས་ངལ་རྩོལ་བཀོལ་ནས་བཟོས་པའི་ཐོན་སྐྱེད་རྣམས་ཉོ་ཚོང་བྱ་རྒྱུར་མཉམ་ལས་མི་བྱ་རྒྱུའི་ཐག་གཅོད་བྱས་འདུག

XS
SM
MD
LG